ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁ་དང་ཝེ་ནེ་ཙུའེ་ལཱའི་འབྲེལ་བ་ཉེ་སྔོན་སྔར་ལས་ཛ་དྲག་ཏུ་འགྱུར་བའི་སྣང་ཚུལ་ཡོད། ཝེ་ནེ་ཙུའེ་ལཱའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་མི་སྣ་ཇེ་ཉུང་དུ་གཏོང་དགོས་པའི་རེ་བ་བཏོན་རྗེས། ཨ་མེ་རི་ཁའི་ཕྱོགས་ཀྱིས་ཚེས་དགུའི་ཉིན་ངོ་རྒོལ་བྱེད་ཐབས་ལག་བསྟར་བྱེད་མགོ་བརྩམས། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཉིན་དེར་འགྲོ་མིའི་ཐོབ་ཐང་ལ་འགལ་བ་རྒྱུ་མཚན་དུ་བྱས་ཏེ་ཝེ་ནེ་ཙུའེ་ལཱའི་དཔོན་པོ་བདུན་ལ་བཀག་སྡོམ་བྱེད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་དཔོན་རིགས་ལ་དུས་ཡུན་རིང་བོར་འགྲོ་མིའི་ཐོབ་ཐང་དང་འགལ་ཞིང་། རུལ་སུངས་ཡིན་ལ། ཆབ་སྲིད་ཀྱི་འདུན་པ་མི་གཅིག་པར་འཇིགས་སྐུལ་བྱེད་པ་སོགས་ཀྱི་བྱ་སྤྱོད་ཡོད་པ་དང་། ཨ་མེ་རི་ཁའི་ཕྱོགས་ཀྱིས་དོན་དེར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཝེ་ནེ་ཙུའེ་ལཱའི་གནས་བབ་དེས་ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་དང་ཕྱི་འབྲེལ་སྲིད་ཇུས་ལ་འཇིགས་ཉེན་ཐེབས་ཡོད། དེ་བས་ཨོ་པཱ་མཱ་ཡིས་སྲིད་འཛིན་བཀའ་རྒྱ་བཏང་ནས་ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་དཔོན་པོ་བདུན་ལ་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཐག་བཅད་པ་ཡིན་ཟེར།

ན་ནིང་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། ཨོ་པཱ་མཱ་ཡིས་ཨ་མེ་རི་ཁའི་དམངས་གྲོས་ཁང་དང་གྲོས་ཞུགས་ཁང་ནས་གྲོས་འཆམ་བྱུང་བའི་ཝེ་ནེ་ཙུའེ་ལཱའི་འགྲོ་མིའི་ཐོབ་ཐང་དང་སྤྱི་དམངས་ལ་སྲུང་སྐྱོབ་བྱེད་པའི་སྤྱི་ཚོགས་བཅའ་ཁྲིམས་འཆར་ཟིན་བཀོད་པར་མ་ཟད། འགྲོ་མིའི་ཐོབ་ཐང་ལ་འགལ་བ་རྒྱུ་མཚན་དུ་བྱས་ཏེ་ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་གི་དཔོན་པོ་ལྔ་བཅུ་ལྷག་ལ་བཀག་སྡོམ་བྱེད་རྒྱུ་ཐག་བཅད་པ་རེད།

ཐེངས་འདིའི་ཡང་བསྐྱར་ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་དཔོན་པོ་བདུན་ཁ་སྣོན་བྱས་པ་རེད། མི་བདུན་པོ་དེའི་ནང་ཝེ་ནེ་ཙུའེ་ལཱའི་རྒྱལ་སྲུང་དམག་དཔུང་གི་མཐོ་རིམ་དམག་དཔོན་དང་ཝེ་ནེ་ཙུའེ་ལཱའི་རྒྱལ་ཁབ་བདེ་འཇགས་ཅུའུ་ཡི་ཅུའུ་ཀྲང་། ཝེ་ནེ་ཙུའེ་ལཱའི་རྒྱལ་ཁབ་ཁེ་ལས་ཀྱི་མཐོ་རིམ་དོ་དམ་པ། དེ་མིན་ཝེ་ནེ་ཙུའེ་ལཱའི་ཁྲིམས་འཛིན་སྡེ་ཁག་གི་དཔོན་པོ་སོགས་འདུས།

ཚེས་དགུའི་ཉིན་བཀོད་པའི་སྲིད་འཛིན་བཀའ་རྒྱ་ལྟར་ན། དཔོན་པོ་དེ་བདུན་གྱི་ཨ་མེ་རི་ཁར་ཡོད་པའི་རྒྱུ་ནོར་ཉར་འཇོག་བྱེད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁའི་མིས་ཁོ་ཚོར་ཚོང་ལས་ཀྱི་འབྲེལ་བ་བཙུགས་མི་ཆོག་ལ། མི་བདུན་པོ་དེ་ད་རུང་ཨ་མེ་རི་ཁར་ཡོང་མི་ཆོག་པ་རེད།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཕུའུ་སཱ་ཅི་ཡིས་ཚེས་དགུའི་ཉིན་གྱི་རྒྱུན་ལྡན་གྱི་སྒྲོག་སྤེལ་ཚོགས་འདུའི་སྟེང་ཨ་མེ་རི་ཁའི་ལངས་ཕྱོགས་བསྐྱར་སྒྲོག་བྱས་པ་དང་། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱ་ནས་གསང་མྱུལ་བའི་བྱ་འགུལ་གཏན་ནས་སྤེལ་མྱོང་མེད་པ་དང་། འབྲེལ་ཡོད་སྐྱོན་འཛུགས་ལ་བདེན་དཔང་ཅི་ཡང་མེད་ཟེར། ཁོ་མོས་བསྟན་དོན། ཕྱོགས་གཉིས་ཀྱིས་ཕྱི་འབྲེལ་མི་སྣ་ཇེ་ཉུང་དུ་གཏོང་བའི་གནད་དོན་ཐད་ནས་འབྲེལ་འདྲིས་བྱེད་བཞིན་ཡོད་ཟེར།

དབྱེ་ཞིབ་པས་བལྟས་ན། ཨ་མེ་རི་ཁས་ཚེས་དགུ་ཉིན་བཀག་སྡོམ་ཆོད་དོན་བཏོན་པ་ནི་ཝེ་ནེ་ཙུའེ་ལཱའི་ཉེ་སྔོན་གྱི་ཨ་མེ་རི་ཁར་ངོ་རྒོལ་བྱེད་པའི་བྱེད་ཐབས་རབ་དང་རིམ་པར་འབྲེལ་བ་ཡོད་ལ། བྱ་སྤྱོད་དེས་མིག་སྔའི་ཕྱོགས་གཉིས་བར་གྱི་ཛ་དྲག་གི་འབྲེལ་བ་སྔར་ལས་ཇེ་སྡུག་ཏུ་འགྲོ་ངེས་རེད་ཟེར།

ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་ཡིས་ཚེས་དགུའི་ཉིན་བཀག་སྡོམ་ཆོད་དོན་ཐད་ནས་ཨ་མེ་རི་ཁའི་མཉམ་འབྲེལ་འཕྲིན་གཏོང་ཁང་གི་གསར་འགོད་པས་བཏོན་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ཀྱིས་བརྩི་འཇོག་དང་བདག་དབང་འདྲ་མཉམ་ཡིན་པའི་རྨང་གཞིའི་སྟེང་ཨ་མེ་རི་ཁའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།