ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་སྲིད་གཞུང་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཏུང་ཅིན་ནས་ཚོགས་འདུ་བསྡུས་ཏེ། ཡོ་རོབ་གླིང་མནའ་འབྲེལ་དམག་དཔུང་གིས་སྤེལ་བའི་རྒྱལ་སྤྱིའི་ཞི་བདེའི་མཉམ་ལས་བྱ་འགུལ་ཐད་གྲོས་མོལ་བྱས། ཨན་པའེ་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ཀྱི་འགུལ་སྐྱོད་སྒྲོམ་གཞིའི་ལས་འདས་ཏེ་ཡོ་རོབ་གླིང་མནའ་འབྲེལ་གྱི་དམག་དཔུང་ནང་རང་སྲུང་དམག་དཔུང་མངག་གཏོང་བྱེད་པར་ཞིབ་འཇུག་བྱེད་བཞིན་ཡོད། ཚོད་དཔག་བྱས་ན་ཕྱིན་ཆད་འཇར་པན་དང་ཡོ་རོབ་གླིང་བར་འདོད་བློ་དེར་དམིགས་ནས་འབྲེལ་ཡོད་མཐུན་སྦྱོར་བྱ་བའི་གོམ་སྟབས་ཇེ་མགྱོགས་སུ་འགྲོ་ངེས་རེད།

བསྒྲགས་པ་ལྟར་ན། ཨན་པའེ་སྲིད་གཞུང་གིས་དུས་ངེས་མེད་དུ་ཕྱི་རྒྱལ་དུ་རང་སྲུང་དམག་དཔུང་མངག་གཏོང་བྱས་ཆོག་པའི་ཡུན་རིང་གི་བཅའ་ཁྲིམས་སོགས་བདེ་སྲུང་བཅའ་ཁྲིམས་གཏན་འབེབས་བྱས་ཏེ་ཡོ་རོབ་གླིང་མནའ་འབྲེལ་དུ་རང་སྲུང་དམག་དཔུང་མངག་གཏོང་བྱེད་པའི་འཆར་གཞི་ཡོད་པ་རེད།

འཇར་པན་གྱི་ཕྱི་འབྲེལ་པུའུ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཡོ་རོབ་གླིང་ཕྱི་ཕྱོགས་འགུལ་སྐྱོད་ཅུའུ་ཡི་ལས་བྱེད་པ་ཉིན་དེའི་གྲོས་ཚོགས་ལ་ཞུགས་པ་དང་། ཚོགས་ཐོག་ནས་གཙོ་བོ་ཡོ་རོབ་གླིང་མནའ་འབྲེལ་དམག་དཔུང་གི་འགུལ་སྐྱོད་གནས་ཚུལ་དང་རང་སྲུང་དམག་དཔུང་མངག་པའི་བཅའ་ཁྲིམས་གྲོས་གཞི་ལ་གྲོས་བསྡུར་བྱས། གྲོས་ཚོགས་མ་བསྡུས་གོང་ཕྱི་འབྲེལ་པུའུ་ཡིས་བསྡུས་པའི་འབྲེལ་ཡོད་ཀྱི་ཞིབ་བསྡུར་ཚོགས་འདུའི་སྟེང་། འཇར་པན་གྱི་ཕྱི་འབྲེལ་པུའུ་ཡི་ལས་བྱེད་པས་བལྟས་ན། རང་སྲུང་དམག་དཔུང་མངག་འདོད་ན་བཅའ་ཁྲིམས་སྒྲོམ་གཞི་དགོས་པར་འདོད་པ་དང་། བདེ་སྲུང་བཅའ་ཁྲིམས་ཀྱི་གྲོས་བསྡུར་གནས་ཚུལ་མཚམས་སྦྱོར་བྱས།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁ་གླིང་དང་དབུས་ཤར་གྱི་རྩོད་གླེང་ཆེ་བའི་ས་ཁུལ་དུ་སྒེར་ཚུགས་སུ་རྒྱལ་སྤྱིའི་ཞི་བདེའི་མཉམ་ལས་བྱ་འགུལ་སྤེལ་བཞིན་ཡོད་པ་དང་། མཚོན་ཆ་མེད་པར་གཏོང་བ་དང་རྩོད་གླེང་སྔོན་འགོག་བྱེད་པ་སོགས་དམག་དོན་ཁྱབ་ཁོངས་ལ་འབྲེལ་བ་ཡོད་པའི་བྱ་འགུལ་ལས་གཞན་འདེམ་བསྐོ་དང་མཐའ་མཚམས་ཀྱི་དོ་དམ་སོགས་དམག་དོན་མ་ཡིན་པའི་ཁྱབ་ཁོངས་ཀྱི་བྱ་འགུལ་ཡང་སྤེལ་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།