ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་གྱི་ཕྱི་འབྲེལ་བློན་ཆེན་པཱ་ཞི་ལེ་ཡིས་ཚེས་དགུ་ཉིན་པེ་རུ་ཐི་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇིགས་སྐུལ་རིང་ལུགས་རྩ་བ་ནས་མེད་པར་བཟོ་དགོས་པའི་འབོད་སྐུལ་བཏང་།

པཱ་ཞི་ལེ་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་གཏམ་བཤད་སྤེལ་ཏེ། རྒྱལ་སྤྱིའི་མནའ་འབྲེལ་གྱིས་དབྱི་རག་དང་སི་རི་ཡཱ་རུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བཞིན་པའི་འགུལ་སྐྱོད་གལ་འགངས་ཧ་ཅང་ཆེ་ཡང་། དེ་ལྟར་བསྒྲུབ་པ་ཙམ་གྱིས་མི་འདང་ལ། འཇིགས་སྐུལ་རིང་ལུགས་དེ་རྩ་བ་ནས་མེད་པར་བཟོ་དགོས་པ་དང་། འཇིགས་སྐུལ་རིང་ལུགས་ཀྱི་མཚོན་ཆ་དང་མ་དངུལ་ཡོང་ཁུངས་རྩ་ནས་གཅོད་དགོས་ཟེར།

པཱ་ཞི་ལེ་ཡིས་བཤད་རྒྱུར། ལོ་ངོ་བཞི་འགོར་བའི་སི་རི་ཡཱའི་ཉམས་ཉེན་དེ་རྒྱལ་སྤྱིའི་ཉམས་ཉེན་ཞིག་ཏུ་གྱུར་ཡོད་པ་དང་། སི་རི་ཡཱ་ནི་རྒྱལ་ཁབ་དང་རྩ་འཛུགས་རེ་འགས་ཕྱི་ནས་ཐེ་གཏོགས་བྱེད་སའི་གར་སྟེགས་ལྟ་བུར་གྱུར་ཡོད། གལ་ཏེ་ཕྱི་ཕྱོགས་ཀྱི་ཐེ་གཏོགས་མེད་ན། སི་རི་ཡཱའི་གནས་བབ་རིམ་བཞིན་ཇེ་བཟང་དུ་འགྲོ་སྲིད། ཕྱི་ཕྱོགས་ཀྱི་ཐེ་གཏོགས་དེས་ཐལ་སྤྱོད་སྟོབས་ཤུགས་སྔར་ལས་རྒྱ་ཡན་དུ་གཏོང་སྲིད་ཟེར།

པཱ་ཞི་ལེ་ཡིས་ད་རུང་ལེ་པཱ་ནུན་གྱི་མི་ཚང་མས་མཐུན་སྒྲིལ་བྱས་ཤིང་། མཉམ་དུ་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་པ་དང་། ལེ་པཱ་ནུན་གྱི་དམག་དཔུང་ལ་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་ལ་སྲུང་སྐྱོབ་དང་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་འགན་འཁྲི་དང་དུ་ལེན་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།