ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་དམག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གི་ཇུས་འདོན་པའི་མཉམ་ཞུགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏིན་ཕུའུ་ཞི་ཡིས་ཚེས་དགུ་ཉིན་སྔ་མོ་ནས་གནས་ཚུལ་ཁྱབ་སྒྲོག་མ་བྱས་པའི་གནས་ཚུལ་འོག གློ་བུར་དུ་དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་རུ་འབྱོར་ནས་འཚམས་འདྲི་བྱེད་མགོ་བརྩམས་པ་རེད་ཟེར།

དབྱི་རག་དམག་ཕྱོགས་ཀྱི་དཔོན་རིགས་ཤིག་གིས་ཉིན་དེར་གསར་འགོད་པར་བཤད་རྒྱུར། ཏིན་ཕུའུ་ཞི་ཡིས་དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་དང་བཅས་པའི་དབྱི་རག་སྲིད་གཞུང་དང་དམག་དཔུང་གི་མཐོ་རིམ་མགོ་ཁྲིད་པར་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཁོ་ཚོ་དང་མཉམ་དུ་དབྱི་རག་དམག་དཔུང་གིས་དབྱི་རག་བྱང་ཕྱོགས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་ནས་སྤེལ་བའི་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་དང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བ་སོགས་འབྲེལ་ཡོད་གྲོས་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།

དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་ཀྱིས་ཟླ་གསུམ་པའི་ཚེས་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། སཱ་ལཱ་ཧི་ཏེན་ཞིང་ཆེན་དུ་སྦས་སྐོང་བྱེད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པ་གཙང་བཤེར་བྱེད་པའི་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་དངོས་སུ་སྤེལ་མགོ་བརྩམས་ཟེར།

མིག་སྔར་དབྱི་རག་དམག་དཔུང་གིས་ལམ་ལྔ་ནས་ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ཐིས་ཁི་ལི་ཐི་གྲོང་ཁྱེར་གྱི་མཐའ་རིམ་བཞིན་བསྐོར་ཏེ། མུ་མཐུད་དུ་གྲོང་ཁྱེར་དེར་འགས་གཏོར་དྲག་པོ་གཏོང་བཞིན་ཡོད།

དབྱི་རག་ཏུ་ན་ནིང་ཟླ་དྲུག་པའི་ཟླ་མགོར་དྲག་ཆས་འཁྲུག་རྩོད་ཚབས་ཆེན་བྱུང་སྟེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་བཅས་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་སྔ་གཞུག་ཏུ་དབྱི་རག་བྱང་ཕྱོགས་དང་ནུབ་ཕྱོགས་ཀྱི་ས་ཁུལ་མང་ཆེ་བ་བཙན་བཟུང་བྱས། དབྱི་རག་བདེ་འཇགས་དམག་དཔུང་དང་ཁུའུ་ཨར་ཏི་དྲག་ཆས་པས་ཨ་མེ་རི་ཁ་སོགས་རྒྱལ་ཁབ་ཀྱི་བར་སྣང་རོགས་སྐྱོར་འོག་རྒོལ་ལན་སྤྲད་པ་དང་། མིག་སྔར་ས་ཁུལ་དེ་དག་གི་གནས་བབ་རྙོག་འཛིང་དུ་གྱུར་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།