日本首相安倍晋三(右)与德国总理默克尔(左)。.jpg

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་དགུ་ཉིན་གྱི་ཕྱི་དྲོར་དབུ་བཞུགས་བློན་ཆེན་གྱི་བཞུགས་ཤག་ནས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་གྲོས་མོལ་བྱས། བསྒྲགས་པ་ལྟར་ན། འཇར་པན་དང་འཇར་མན་རྒྱལ་ཁབ་གཉིས་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཕམ་ཁ་བྱུང་བའི་རྒྱལ་ཁབ་ཡིན་ཞིང་། ཕྱོགས་གཉིས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བྱས་རྗེས་འཇོག་པར་ཐུན་མོང་ལྟ་ཚུལ་བྱུང་བ་དང་། ཕྱོགས་གཉིས་ཀྱིས་ཕྱིན་ཆད་གཞི་རྩའི་རིན་ཐང་ལྟ་བ་མཐུན་པའི་གྲོགས་པོ་ཡིན་པའི་ཆ་ནས་འཇར་པན་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་འཐད་པ་བྱུང་།

  འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ནུས་ལྡན་དུ་གྱུར་ཀྱང་ས་ཁུལ་ཁག་ཅིག་ཏུ་མུ་མཐུད་དུ་འཁྲུག་རྩོད་འབྱུང་བཞིན་པའི་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་གྲོས་མོལ་ལ་བརྟེན་ནས་གནས་བབ་ཞི་འཇགས་སུ་གཏོང་བ་བརྩོན་ལེན་བྱེད་པར་འཐད་པ་བྱུང་།

  ཟླ་གསུམ་པའི་ཚེས་དགུ་ཉིན་གྱི་སྔ་དྲོར། མའོ་ཁི་ཨར་གྱིས་ཏུང་ཅིན་ནས་གཏམ་བཤད་སྤེལ། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་མཇུག་སྒྲིལ་ནས་ལོ་ངོ་བདུན་ཅུ་འགོར་བའི་འཇར་པན་གྱིས་ལོ་རྒྱུས་ཀྱི་གནད་དོན་ཐད་ནས་ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་བར་གྱི་གནད་དོན་ཇི་ལྟར་ཐག་གཅོད་བྱེད་དགོས་པ་འདྲི་སྐབས་མའོ་ཁི་ཨར་གྱིས་བསྟན་དོན། ཡིའུ་ཐེ་བ་དམར་གསོད་བཏང་བའི་ནག་ཉེས་ཁུར་བའི་འཇར་མན་རྒྱལ་ཁབ་ཀྱིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་འདས་སོང་གདོང་གིས་བསུས་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དང་ལེན་བྱས་ཡོད་ཟེར།

  ཧྥུའུ་ཏའོ་ཉིང་རྡུལ་དོན་རྐྱེན་ཐད་ནས་མའོ་ཁི་ཨར་གྱིས་བསྟན་དོན། འཇར་པན་ལྟ་བུའི་མཐོ་གསར་ལག་རྩལ་འཛོམས་པའི་རྒྱལ་ཁབ་ཏུའང་བློ་ཡུལ་ལས་འདས་པའི་དོན་རྐྱེན་དེ་འདྲ་འབྱུང་སྲིད་པ་ཤེས་ནས་འཇར་མན་གྱིས་ད་གཟོད་ཉིང་རྡུལ་གློག་འདོན་ས་ཚིགས་མེད་པར་གཏོང་རྒྱུ་ཐག་བཅད་པ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།