ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན། ཨུ་རུ་སིའི་སྔོན་ཆད་ཀྱི་ཙུང་ལི་གཞོན་པ། ངོ་རྒོལ་ཕྱོགས་ཁག་གི་གཙོ་འཛིན་ནེ་མུའུ་ཙོ་ཧྥུའུ་མའོ་སི་ཁིའི་ལྟེ་གནས་ས་ཁུལ་ནས་དམར་གསོད་བཏང་། དོན་རྐྱེན་བྱུང་རྗེས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་དམར་གསོད་དོན་རྐྱེན་དེར་རྒོལ་གཏམ་བཏང་བ་དང་། ཨུ་རུ་སིའི་སྲིད་གཞུང་གིས་རྟོག་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨོ་པཱ་མཱ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ང་ཚོས་ཨུ་རུ་སིའི་སྲིད་གཞུང་གིས་མྱུར་དུ་དྲང་བདེན་དང་མངོན་གསལ་གྱིས་རྟོག་ཞིབ་བྱས་ཏེ་ལག་དམར་ཁྲིམས་ལ་སྦྱོར་དགོས་པའི་འབོད་སྐུལ་བཏང་།

 ཨོ་པཱ་མཱ་ཡིས་བསྟན་དོན། ནེ་མུའུ་ཙོ་ཧྥུའུ་ཡིས་སྔོན་ཆད་རང་ནུས་ཅི་ཡོད་ཀྱིས་ཨུ་རུ་སིའི་སྤྱི་དམངས་ལ་དགོས་ངེས་ཀྱི་ཁེ་དབང་བརྩོན་ལེན་བྱས་མྱོང་། ངས་ནེ་མུའུ་ཙོ་ཧྥུའུ་ཡིས་ཨུ་རུ་སིའི་རུལ་སུངས་ལ་འཐབ་རྩོད་བྱས་པར་ཁས་ལེན་བྱེད་བཞིན་ཡོད་པ་དང་། ཉིས་སྟོང་དགུ་ལོར་ང་ཚོས་མའོ་སི་ཁི་ནས་གྲོས་མོལ་བྱེད་སྐབས་ཁོས་ལྷག་བསམ་རྣམ་དག་གིས་རང་ཉིད་ཀྱི་ལྟ་ཚུལ་བརྗེ་རེས་བྱས་མྱོང་ཟེར།

 ཚེས་ཉེར་བདུན་ཉིན་གྱི་དགོང་མོར། ནེ་མུའུ་ཙོ་ཧྥུའུ་མའོ་སི་ཁིའི་ལྟེ་གནས་ས་ཁུལ་ནས་མེ་མདས་རྒྱབ་སྟེ་རྐྱེན་ལམ་དུ་ཤོར། ཨུ་རུ་སིའི་རྟོག་ཞིབ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མི་སྣས་བཤད་རྒྱུར། ནུས་ལྡན་དཔང་ཡིག་བཟུང་བའི་སྐྱེས་པ་ཞིག་དམར་གསོད་བཏང་བ་དང་། དེའི་མིང་ལ་ནེ་མུའུ་ཙོ་ཧྥུའུ་ཟེར།

ལས་ཁུངས་དེས་ཉེས་དོན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། ཨུ་རུ་སིའི་ཙུང་ཐུང་གི་མགྲིན་ཚབ་པ་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར་བསྟན་དོན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ནེ་མུའུ་ཙོ་ཧྥུའུ་ལྐོག་གསོད་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་དང་། ཐེངས་འདིའི་དོན་རྐྱེན་ནི་ལག་དམར་གླས་ནས་མི་བསད་པའི་དོན་རྐྱེན་ཞིག་ཡིན་ངེས་རེད་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་ད་རུང་བཤད་རྒྱུར། ཕུའུ་ཅིན་གྱིས་ནེ་མུའུ་ཙོ་ཧྥུའུ་ལྐོག་གསོད་ཐེབས་པར་མྱ་ངན་ཞུས་པ་དང་། དོན་དེར་རྟོག་ཞིབ་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།