ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་དྲུག་བཅུ་ལྷག་ཙམ་གྱི་སྲིད་ཕྱོགས་དང་དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་ཀྱི་བུད་མེད་གཙོ་འཛིན་དང་ལས་རིགས་མི་འདྲ་བའི་ཕུལ་བྱུང་མི་སྣ། འཐུས་མི་བཅས་ཀྱིས་སྤྱི་ཚེས27ཉིན་ཆིལིའི་རྒྱལ་ས་ཧྲེང་ཏི་ཡ་ཀོར་འཛོམས་ཏེ། མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ལས་ཁུངས་ནས་བསྐོང་འཚོགས་བྱས་པའི་འཛམ་གླིང་བུད་མེད་ཀྱི་གཙོ་འཛིན་མཐོ་རིམ་གླེང་སྟེགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་གྲོས་ཚོགས་ཐོག་བུད་མེད་རྣམས་ལ་སྲིད་ཞུགས་ཀྱི་གོ་སྐབས་དང་བཀོད་ཇུས་འགོད་པའི་དབང་ཆ་གང་མང་ཐོབ་པ་བྱ་རྒྱུའི་རེ་འབོད་གནང་འདུག

ཆི་ལིའི་ཙུང་ཐུང་པ་ཆེ་ཐེས་གསུང་བཤད་གནང་སྐབས་ཕོ་མོའི་མཐོང་ཆུང་མེད་པ་བཟོ་བ་དང་སྔར་བས་འདྲ་མཉམ་ངང་དབང་ཆ་བགོས་འགྲེམས་བྱས་ན། གཞི་ནས་སྤྱི་ཚོགས་ཧྲིལ་པོའི་ཆབ་སྲིད་སྒྲིག་གཞི་སྔར་བས་ལུགས་མཐུན་ཡོང་ཐུབ་ཅེས་གསུངས་འདུག

ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི་བུད་མེད་དང་དབང་ཆ། ཐུན་མོང་མ་ཡིན་པའི་འཇིག་རྟེན་ཞིག་བསྐྲུན་རྒྱུ་ཞེས་པ་དེ་ཡིན་ཞིང་། ཚོགས་ཞུགས་ལས་རིགས་ཁག་གི་འཐུས་མིས་སྤྱི་ཚེས27དང28ཉིན་གཉིས་ནང་བུད་མེད་རྣམས་ལ་འགོ་ཁྲིད་ཀྱི་གནས་བབ་ཐོབ་པ་བྱ་རྒྱུའི་དཀའ་རྐྱེན་ཁྱད་གསོད་གང་འདྲ་བྱ་རྒྱུ་སོགས་ཀྱི་ཐད་གྲོས་བསྡུར་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།