当地是间2015年2月27日,乌克兰Blagodatne,明斯克协议生效后,乌克兰政府军的装甲运兵车、军用车辆和火炮从杰

ཉིས་སྟོང་བཅོ་ལྔ་ལོའི་ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན། མེན་སི་ཁིའི་གྲོས་མཐུན་ནུས་ལྡན་དུ་གྱུར་རྗེས། ཝུའུ་ཁི་ལན་སྲིད་གཞུང་དམག་དཔུང་གི་འཁྲབ་ལྡན་འཁོར་ལོ་དང་དམག་བཀོལ་རླངས་འཁོར། མེ་སྒྱོགས་སོགས་ཅེ་པཱ་ལེ་ཚེ་བོ་ནས་ཕྱིར་འཐེན་བྱེད་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞི། ཝུའུ་ཁི་ལན་གནད་དོན་གྱི་དམིགས་བསལ་འཐུས་མི་ཐཱ་ལེ་ཡཱ་ཝེ་ནེ་ཡིས་ཚེས་ཉེར་བདུན་ཉིན་བརྙན་རིས་བརྒྱུད་དེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་ཝུའུ་ཁི་ལན་གྱི་གནས་བབ་སྙན་ཞུ་བྱེད་སྐབས་བསྟན་དོན། ཉིན་འགའི་སྔོན་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དེ་ཉེན་ཁའི་གནས་སུ་ལྷུང་ཡོད་ཀྱང་། ད་ལྟ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབད་བརྩོན་བྱས་རྐྱེན་གནས་བབ་ཀྱི་ཛ་དྲག་གི་རིམ་པ་ཇེ་དམའ་རུ་སོང་བ་དང་། བྱ་སྤྱོད་དེ་ལྡོག་མེད་ཀྱི་འཕེལ་རིམ་ཞིག་ཏུ་འགྱུར་བར་རེ་བས་ཁེངས་ཡོད་ཟེར།

ཐཱ་ལེ་ཡཱ་ཝེ་ནེ་ཡིས་བསྟན་དོན། ཝུའུ་ཁི་ལན་རྒྱལ་ཁབ་ལམ་གྱི་བཞི་མདོ་ལྟ་བུར་གནས་ཡོད་པ་དང་། འཁྲུག་རྩོད་མཚམས་འཇོག་པ་དང་གནས་བབ་ཇེ་བཟང་དུ་འགྲོ་བ་ནི་ཞི་བའི་སྒོ་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་རེད་ཟེར།

ཁོ་མོས་བསྐྱར་སྒྲོག་བྱས་དོན། གལ་ཏེ་འཁྲུག་རྩོད་མཚམས་མ་བཞག་ན་ཝུའུ་ཁི་ལན་གྱི་གནས་བབ་བརྟན་འཇགས་སུ་འགྲོ་བར་རེ་བ་མེད་ལ། ཞི་བདེ་དེ་བས་ཀྱང་གླེང་ཐབས་མེད་ཟེར།

ཐཱ་ལེ་ཡཱ་ཝེ་ནེ་ཡིས་བསྟན་དོན། ན་ནིང་ཟླ་དགུ་བར་མེན་སི་ཁིའི་གྲོས་མཐུན་བཀོད་པའི་ཚུན་ལ། མི་སྟོང་དྲུག་ཙམ་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག ས་ཁུལ་མང་བོར་འཐབ་འཁྲུག་གི་གནོད་པ་ཚབས་ཆེན་ཐེབས། དེ་ལས་གཞན་མི་ས་ཡ་མང་བོ་ཡུལ་གཞན་དུ་འཁྱམ་དགོས་བྱུང་ཡོད་ལ། དྲག་ཆས་ལ་བརྟེན་ནས་ཏི་པཱ་ཨར་ཆེ་ཧྥུའུ་ས་ཁུལ་བཙན་བཟུང་བྱེད་པར་ངོ་རྒོལ་བྱེད་པའི་འཐབ་འཁྲུག་དེས་ཁྲག་བཞུར་དོན་རྐྱེན་མང་དུ་བཟོས་པ་དང་གཏོར་བརླག་ཆེན་པོ་ཐེབས་ཡོད་ཟེར།

ཐཱ་ལེ་ཡཱ་ཝེ་ནེ་ཡིས་ད་རུང་བསྟན་དོན། ཉེ་བའི་ཉིན་འགའི་རིང་། དགྲར་འཛིན་འགུལ་སྐྱོད་ཇེ་ཉུང་དུ་སོང་བ་དང་། མཚོན་ཆ་ཆེ་གྲས་ཕྱིར་འཐེན་བྱེད་མགོ་བརྩམས་ཡོད། གལ་ཏེ་གནས་ཚུལ་དེ་རྒྱུན་འཁྱོངས་བྱེད་མ་ཐུབ་ན། ཝུའུ་ཁི་ལན་སྔར་ལས་སྡུག་པའི་ཉེན་ཁའི་གནས་སུ་ལྷུང་སྲིད་པ་དང་། ས་ཁུལ་མང་བོར་གཏོར་བརླག་སྔར་ལས་ལྷག་པ་ཐེབས་ནས་མི་སྔར་ལས་མང་བོ་ཡུལ་གཞན་དུ་འཁྱམ་དགོས་ལ། འཐབ་འཁྲུག་གི་ཁྱབ་ཁོངས་ཀྱང་སྔར་ལས་ཇེ་ཆེར་འགྲོ་ངེས་རེད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།