ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པ་ནུན་གྱི་ཙུང་ལི་གཞོན་པ་དང་རྒྱལ་སྲུང་པུའུ་ཀྲང་གཅིག་ལྕོགས་མུ་ཁེ་པེ་ལེ་དང་དཔུང་སྡེའི་དམག་སྤྱི་རང་ཁ་ཝ་ཅེས་སྤྱི་ཚེས27ཉིན་ལི་པ་ནུན་གྱི་ཤར་རྒྱུད་དང་སི་རི་ཡའི་འབྲེལ་མཚམས་ཀྱི་པ་ལེ་པེ་ཁེ་ས་ཁུལ་གྱི་ལི་པ་ནུན་གྱི་དམག་སར་སྐྱོད་དེ་གཡུལ་ས་མདུན་མའི་དཔོན་དམག་ལ་འཚམས་འདྲི་གནང་བ་དང་། དྲག་ཆས་པ་དང་དམག་འཐབ་བྱས་པའི་གནས་ཚུལ་དང་གོམ་སྟབས་རྗེས་མའི་དམག་འཐབ་འཆར་གཞི་ཤེས་རྟོགས་གནང་ཡོད་པ་རེད།

ལི་པ་ནུན་དམག་ཕྱོགས་ཀྱིས་སྤྱི་ཚེས26ཉིན་གསལ་བསྒྲགས་སྤེལ་ཏེ། ཉིན་དེ་རང་ནས་བཟུང་ལི་པ་ནུན་དམག་དཔུང་གིས་དྲག་ཆས་ཐད་འཕུར་གནམ་གྲུ་དང་ས་ངོས་མེ་རྒྱོགས་ཀྱི་འགེབས་སྲུང་འོག་པ་ལེ་པེ་ས་ཁུལ་དུ་འཛུལ་ནས་དྲག་ཆར་པར་ཚ་རྒོལ་བྱས་བྱས་ཡོད་པ་རེད། མིག་སྔར་ལི་པ་ནུན་དམག་ཕྱོགས་ཀྱིས་དྲག་ཆས་པ་དང་མུ་མཐུད་དམག་འཐབ་བྱེད་བཞིན་ཡོད་པ་རེད།

སི་རི་ཡའི་ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་འོག་ལི་པ་ནུན་གྱི་བདེ་འཇགས་གནས་བབ་ཟམ་མི་ཆད་པར་ཇི་སྡུག་ཏུ་འགྲོ་བཞིན་ཡོད་ཅིང་། དབྱི་སི་ལན་རྒྱལ་ཁབ་ཟེར་བ་སོགས་ཐལ་སྐྱོད་སྒྲིག་འཛུགས་ཀྱི་དྲག་ཆས་པས་རྟག་ཏུ་སི་རི་ཡ་ནས་ལི་པ་ནུན་ལ་འཛུལ་བ་མ་ཟད། རི་ཁུལ་ཁག་ཅིག་བཟུང་ནས་བརྟན་གཞི་བྱས་ཏེ་ལི་པ་ནུན་གྱི་དམག་དོན་སྒྲིག་ཆས་དང་དམངས་སྤྱོད་དམིགས་འབེན་ལ་འཇབ་རྒོལ་བྱས་ནས་དམག་མི་དང་མི་སེར་མང་པོ་ཤི་རྨས་བཟོས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།