ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། ཨུ་རུ་སི་ཡིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐོར་ཞིག་བསྐྱལ་ཡོད་ཟེར།

ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཉམས་ཉེན་གནས་ཚུལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་བོ་ལོ་ནོའུ་ཧྥུའུ་ཡིས་བཤད་རྒྱུར། ཐེངས་འདིར་ཨུ་རུ་སིའི་ཕྱོགས་ཀྱིས་འདོན་སྤྲོད་བྱས་པའི་རོགས་སྐྱོར་དངོས་རྫས་ལ་ཏུན་སྟོང་གཅིག་དང་བརྒྱད་བརྒྱ་ཡོད་ལ། གཙོ་བོ་ཟས་རིགས་ཡིན་པ་དང་ཞོར་དུ་སྨན་རྫས་དང་རྒྱུན་བཀོལ་དངོས་རྫས་སོགས་ཀྱང་ཡོད། དངོས་སྐྱེལ་རླངས་འཁོར་བརྒྱ་དང་བདུན་ཅུ་ལྷག་གིས་ཏོན་ནེ་ཚི་ཁི་དང་ལུའུ་ཀན་སི་ཁི་ཀྲིག་ཏུ་སྐྱེལ་འདྲེན་བྱས་པ་ཡིན་ཟེར།

བོ་ལོ་ནོའུ་ཧྥུའུ་ཡིས་བསྟན་དོན། མི་ཆོས་རིང་ལུགས་ཀྱི་དངོས་སྐྱེལ་བརྒྱུད་རིམ་ཁྲོད་གནད་དོན་འདྲ་བྱུང་མེད། དངོས་རྫས་དེ་དག་བསྐྱལ་རྗེས་དངོས་སྐྱེལ་རླངས་འཁོར་དེ་དག་ཕྱིར་ཨུ་རུ་སི་རུ་ལོག་རྒྱུ་ཡིན་ཟེར། ཉེ་བའི་ལོ་འགའི་རིང་ལ། རྒྱུན་ཆད་མེད་པར་འཁྲུག་རྩོད་བྱུང་བས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར། ན་ནིང་ཟླ་བརྒྱད་པའི་ཚུན་ལ། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་ཏུན་ཁྲི་གཅིག་དང་སྟོང་བརྒྱད་ལྷག་གི་རོགས་སྐྱོར་དངོས་རྫས་སྐྱེལ་བ་རེད།

ཝུའུ་ཁི་ལན་སྲིད་གཞུང་དང་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨུ་རུ་སིའི་བྱ་སྤྱོད་དེར་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ཨུ་རུ་སི་ཡིས་གོ་སྐབས་དེ་དང་བསྟུན་ནས་ཝུའུ་ཁི་ལན་ལ་བཙན་འཛུལ་བྱེད་ངེས་པར་མ་ཟད། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་དམངས་ཁྲོད་དྲག་ཆས་པར་མཚོན་ཆ་འདོན་སྤྲོད་བྱེད་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད་ཀྱང་། ཨུ་རུ་སིའི་ཕྱོགས་ཀྱིས་དོན་དེ་ཁས་ལེན་གཏན་ནས་བྱེད་ཀྱིན་མེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།