ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་ལུགས་རྙིང་ལོ་སར་ཐོན་པའི་སྐབས་འདིར། ཕྱིར་སྡོད་རང་མི་དང་ཕྱི་འགྲིམས་སློབ་མས་བྱ་འགུལ་སྣ་ཚོགས་སྤེལ་ནས། དགའ་སྤྲོའི་ངང་ལོ་སར།

ཚེས་བཅུ་དགུ་ཉིན་གྱི་སྔ་མོར། ལའོ་ཝའོ་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་ཕྱིར་སྡོད་རང་མིའི་ཚོགས་པ་སྟེ་ཝན་ཞང་ཀྲུང་ཧྭ་ལས་འཛིན་ཚོགས་པའི་མི་བརྒྱ་ལྷག་ལའོ་ཝའོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དུ་འཛོམས་ནས། ལའོ་ཝའོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀོན་ཧྭ་པེན་དང་གཞུང་ཚབ་ཁང་གི་བྱ་བ་སྒྲུབ་མཁན་རྣམས་ལ་ལོ་སར་གྱི་རྟེན་འབྲེལ་ཞུས། ཁོ་ཚོས་སེང་གེ་རྩེ་བ་དང་དྲག་རྩལ་འཁྲབ་སྟོན་བྱེད་པ་སོགས་བྱས་པ་དང་། ཉེ་འགྲམ་གྱི་ལའོ་ཝའོ་བ་རྣམས་ཀྱང་དེར་ཡོང་ནས་ལྟད་མོར་བལྟས།

ལེ་པ་ནོན་རྒྱལ་ཁབ་ཀྱི་རྒྱལ་ས་པེ་རུ་ཐིའི་དཀྱིལ་དབུས་སུ་ཡོད་པའི་ཀྲུང་གོ་ཆུང་བ་ཞེས་པའི་ཟ་ཁང་དེ་ནི་ཕྱིར་སྡོད་རང་མི་དང་ཀྲུང་གོའི་དངུལ་གཏོང་ལས་ཁུངས་ཀྱི་མི་ཚང་མས་དགའ་སྤྲོའི་ངང་ལོ་སར་བ་ཞིག་རེད། ལོ་སར་གྱི་སྐབས་སུ་ཟ་ཁང་གི་སྦྱིན་བདག་གིས་ཕྱིར་སྡོད་རང་མི་རྣམས་ཟ་ཁང་དུ་གདན་དྲངས་ནས་ལོ་སར། ཕྱིར་སྡོད་རང་མི་ཝང་ཝེ་ཡིས་གསར་འགོད་པར་བཤད་རྒྱུར། ལོ་སར་ཐེངས་རེ་རེར་ལྷག་ཏུ་ཕ་ཡུལ་དྲན་འོང་ལ། ང་ཚོ་ཕྱི་རྒྱལ་དུ་ཡོད་ནའང་། ལོ་སར་གྱི་སྐབས་སུ་ཚང་མས་དངོས་པོ་ཉོ་བ་དང་། གནམ་གང་གི་དགོང་མོར་ཚང་མས་ཚོད་མ་ཟ་བ་དང་ཤོག་སྦག་འགད་པ་སོགས་བྱས་ཏེ་བྱིས་པ་རྣམས་ལ་ལོ་སར་ཏུ་འཇུག་བཞིན་ཡོད་ཟེར།

ཨོ་ཀྲིག་ཀྲུང་གོ་ཞི་བདེ་གཅིག་གྱུར་ཡར་སྐུལ་ཚོགས་པའི་རྩ་འཛུགས་འོག ཞི་ཉི་གླུ་གར་ཁང་གིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་གློག་འོད་དམར་པོ་བཀར་ཏེ་ལོ་སར་བསུས། ཞི་ཉི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་པ་ལིས་ཧྭ་ཞིན་གྱིས་བཤད་རྒྱུར། ཨོ་སི་ཁྲུ་ལི་ཡའི་ཕྱིར་སྡོད་རང་མིས་སྤེལ་བའི་བྱ་འགུལ་དེས་ཕྱིར་སྡོད་རང་མིས་མེས་རྒྱས་ལ་ཨོ་སི་ཁྲི་ལི་ཡར་བཅངས་པའི་སྨོན་འདུན་མཚོན་ཡོད་ལ། ཨོ་སི་ཁྲི་ལི་ཡའི་སྣེ་མང་རིག་གནས་ཀྱི་གསོན་ཤུགས་དང་སྐྱེ་སྟོབས་མཚོན་ཡོད་པ་མ་ཟད། ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་དང་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་འབྲེལ་བའི་འོད་སྟོང་འབར་བའི་མདུན་ལམ་ཡང་མཚོན་ཡོད་ཟེར།

ཚེས་བཅོ་བརྒྱད་ཉིན། ཀི་ལུའུ་ཅི་ཡ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དུ་དགའ་སྤྲོའི་དཔལ་གྱིས་ཁེངས་ཡོད། ཀན་སུའུ་ཞིང་ཆེན་ནས་སོང་བའི་རྒྱ་སྐད་ཁྱབ་གདལ་དུ་གཏོང་བའི་སློབ་གྲྭ་ཆེན་མོ་བའི་དང་བླངས་པ་བཅུ་ལྷག་དང་ཀྲུང་གོའི་གཞུང་ཚབ་ཁང་གི་མི་རྣམས་ཀྱིས་མཉམ་གཅིག་ཏུ་ལོ་སར་དགོང་ཚོགས་ལ་བལྟས་ཏེ་ལོ་སར།

ཀི་ལུའུ་ཅི་ཡ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཡེའོ་པེན་གྱིས་སློབ་གྲྭ་ཆེན་མོ་བ་དེ་དག་ལ་ལོ་སར་གྱི་རྟེན་འབྲེལ་ཞུས་པ་དང་། ཁོ་ཚོས་ཀྲུང་ཧྭའི་རིག་གནས་ཕྱི་རྒྱལ་དུ་སྤེལ་བ་དང་རྒྱལ་ཁབ་གཉིས་ཀྱི་རིག་གནས་བརྗེ་རེས་ཐད་བྱས་རྗེས་བཞག་པར་གདེང་འཇོག་ལེགས་པོ་བྱས།

དབྱིན་ཇིའི་ཀྲུང་གོའི་སློབ་མ་དང་རིག་གནས་པའི་མཛའ་འབྲེལ་ཚོགས་པས་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་ལོན་ཏོན་ནས་ལོ་སར་དགོང་ཚོགས་བསྡུས་པ་དང་། རྒྱལ་ཁབ་ཕྱི་ནང་གི་སྒྱུ་རྩལ་པ་མང་བོས་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་པར་ཕྱིར་འགྲིམས་སློབ་མ་དང་ཕྱི་སྡོད་རང་མིའི་དགའ་བསུ་ཆེན་པོ་ཐོབ།  །   

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།