ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ལུགས་རྙིང་ལོ་སར་ལ་རྟེན་འབྲེལ་ཞུ་ཆེད། ཚེས་བཅུ་བདུན་ཉིན་གྱི་དགོང་མོར་ཉིག་ཡའོ་གྲོང་ཁྱེར་གྱི་ཧ་ཏི་ཞུན་གཙང་བོའི་འགྲམ་ནས་འགྲིག་མཐུན་ཀྲུང་ཧྭ་ཞེས་པའི་ཤོག་སྦག་རྒྱ་ཆེར་འགད་པའི་དགོང་ཚོགས་བསྡུས་པ་དང་། མན་ཧ་ཏོན་གྱི་མཁའ་དབྱིངས་སུ་ཤོག་སྦག་གི་འོད་ཀྱིས་ཁྱབ་ལ། ཧ་ཏི་ཞུན་གཙང་བོའི་འགྲམ་གཉིས་ཀྱི་ཉིག་ཡའོ་དང་ཞིན་ཙི་ཞི་མངའ་སྡེའི་སྡོད་དམངས་ཀྱིས་མཉམ་དུ་ཤོག་སྦག་བཀད་པར་བལྟས།

རྒྱུས་ལོན་བྱུང་བ་ལྟར་ན་དེ་ནི་ཉིག་ཡའོ་ནས་ཀྲུང་གོའི་ལུགས་རྙིང་ལོ་སར་གྱི་དགའ་སྟོན་དུ་ཐེངས་དང་བོར་བཀད་པའི་ཤོག་སྦག་ཡིན་ལ། ཨ་མེ་རི་ཁའི་ལོ་རྒྱུས་སྟེང་ཀྲུང་གོའི་ལུགས་རྙིང་ལོ་སར་སྐབས་སུ་ཐེངས་དང་བོར་བཀད་པའི་གཞི་ཁྱོན་ཆེན་པོའི་ཤོག་སྦག་ཡིན།

ཤོག་སྦག་སྐར་མ་ཉི་ཤུའི་རིང་ལ་བཀད་པ་དང་། ཤོག་སྦག་འགད་པའི་དགོང་ཚོགས་དེ་དགའ་སྐྱིད་ལྷང་ལྷང་དང་དཔྱིད་ཀྱི་དཔལ་ཡོན། སྐར་འོད་ལམ་ལམ། དགའ་སྐྱིད་མཉམ་སྤྲོ་བཅས་ལེའུ་བཞི་རུ་བགོས་ཡོད།

ཉིན་དེའི་དགོང་མོར་མན་ཧ་ཏོན་གྱི་སྲང་ལམ་ཞེ་གཉིས་པའི་ལམ་ཆེན་བཅུ་གཉིས་པ་རུ་ཡོད་པའི་ཀྲུང་གོའི་ཉིག་ཡའོ་རུ་སྡོད་པའི་གཞུང་ཚབ་ཁང་ཡང་ལྟད་མོ་བའི་མིག་གི་དགའ་སྟོན་ཞིག་ཏུ་གྱུར། ཀྲུང་གོའི་ཉིག་ཡའོ་རུ་སྡོད་པའི་གཞུང་ཚབ་ཁང་གིས་ཉིན་དེའི་དགོང་མོར་སྣེ་ལེན་ཚོགས་འདུ་བསྡུས་ནས། ཨ་མེ་རི་ཁའི་ཆབ་སྲིད་པའི་སྡེ་དང་ཚོང་བའི་སྡེ། རིག་གནས་པའི་སྡེ། ས་དེའི་ཕྱིར་སྡོད་རང་མི་སོགས་ཀྱི་འཐུས་མི་གདན་དྲངས་ཏེ་ཤོག་སྦག་འགད་པར་བལྟས།

ཀྲུང་གོའི་ཉིག་ཡའོ་རུ་སྡོད་པའི་སྤྱིའི་གཞུང་ཚབ་པ་ཀྲང་ཆི་ཡེའོ་ཡིས་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཀྲུང་གོའི་གོམས་སྲོལ་ལྟར་ན། ལུག་ནི་ཞི་བདེ་དང་མཛའ་མཐུན། བདེ་སྐྱིད་ཀྱི་མཚོན་རྟགས་ཡིན་པས། ལུག་གི་ལོ་ལ་འཛམ་གླིང་གི་ས་ཆ་སོ་སོར་ཞི་བདེ་འབྱུང་བའི་སྨོན་འདུན་ཞུས་པ་དང་། རྣམ་པ་ཚོས་ཀྲུང་གོ་དང་ཨ་མེ་རི་ཁའི་རྒྱལ་ཁབ་གཉིས་ཀྱི་རིག་གནས་བརྗེ་རེས་ལ་སྐུལ་འདེད་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་འགྲོ་བར་ཡར་སྐུལ་བྱེད་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།