ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཚེས་བཅུ་བདུན་ཉིན་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ནས། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཕྱོགས་སོ་སོས་ཚེས་བཅུ་གཉིས་ཉིན་གྲོས་འཆམ་བྱུང་བའི་མེན་སི་ཁིའི་གྲོས་ཆོད་ལག་བསྟར་བྱེད་པའི་ཕྱོགས་བསྡུས་བྱེད་ཐབས་ལག་བསྟར་བྱས་ཏེ། དམག་འཁྲུག་རྒྱག་མཚམས་ཡོངས་སུ་འཇོག་དགོས་པའི་འབོད་སྐུལ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིའི་རེས་སྐོར་ཀྲུའུ་ཞི། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་སྡོད་འཐུས་མི་ལིག་ཅེ་དབྱི་ཡིས་ཉིན་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཝུའུ་ཁི་ལན་གནས་བབ་ཐད་ནས་བསྡུས་པའི་གྲོས་ཚོགས་ལ་མགོ་འཛིན་བྱས། གྲོས་ཚོགས་སྟེང་བསྒྲགས་པའི་གྲོས་ཆོད་ནང་དུ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་དྲག་ཤུགས་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཞི་བའི་ཐབས་ཁོ་ནར་བརྟེན་ནས་དེང་སྐབས་ཀྱི་ཉེན་ཚབས་ཐག་བཅད་དེ་གནས་བབ་ཞི་འཇགས་སུ་གཏོང་དགོས་པར་ཡིད་ཆེས་བྱས་ཡོད་ཅེས་བཤད་ཡོད།

གྲོས་ཆོད་ནང་དུ་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་འདིའི་ཚེས་བཅུ་གཉིས་ཉིན་ཨུ་རུ་སི་དཀར་པོའི་རྒྱལ་མེན་སི་ཁི་ནས་གྲོས་འཆམ་བྱུང་བའི་མེན་སི་ཁིའི་གྲོས་ཆོད་ལག་བསྟར་བྱེད་པའི་ཕྱོགས་བསྡུས་བྱེད་ཐབས་ལ་གཟེངས་བསྟོད་བྱེད་བཞིན་ཡོད་ལ། ཨུ་རུ་སི་དང་ཝུའུ་ཁི་ལན། ཧྥ་རན་སི། འཇར་མན་བཅས་ཀྱི་མགོ་ཁྲིད་པས་ཕྱོགས་བསྡུས་བྱེད་ཐབས་ལ་རྒྱབ་སྐྱོར་བྱེད་པའི་གསལ་སྒྲོག་སྤེལ་བར་དགའ་བསུ་ཞུ་བཞིན་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕྱོགས་སོ་སོས་ཕྱོགས་བསྡུས་བྱེད་ཐབས་ལག་བསྟར་བྱས་ཏེ། དམག་འཁྲུག་རྒྱག་མཚམས་ཡོངས་སུ་འཇོག་དགོས་པའི་རེ་བ་བཏོན་པ་ཡིན་ཟེར།

ཚོགས་འདུའི་སྔོན་ལ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གསལ་སྒྲོག་སྤེལ་ནས། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཅེ་པ་ལེ་ཚའེ་ཝོ་ས་ཁུལ་ནས་དམག་འཁྲུག་མཚམས་མ་ཆད་པར་མི་སེར་ལ་ཤི་རྨས་ཚབས་ཆེན་བཟོས་པར་སེམས་ཁུར་ཆེན་པོ་བྱེད་བཞིན་པའི་ཚུལ་བསྟན།

ཝུའུ་ཁི་ལན་དང་ཨུ་རུ་སི། འཇར་མན། ཧྥ་རན་སི་བཅས་རྒྱལ་ཁབ་བཞིའི་མགོ་ཁྲིད་པས་དཀའ་བ་ཆེན་པོས་གྲོས་མོལ་བྱས་མཐར། ཚེས་བཅུ་གཉིས་ཨུ་རུ་རི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་ཡུན་རིང་བོར་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉེན་ཚབས་ཐག་གཅོད་པའི་ཕྱོགས་བསྡུས་རང་བཞིན་གྱི་བྱེད་ཐབས་དང་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་ནས་དམག་འཁྲུག་རྒྱག་མཚམས་འཇོག་པའི་གྲོས་ཆོད་བཀོད། གྲོས་ཆོད་ཀྱི་ནང་དོན་ལ་ཚེས་བཅོ་ལྔ་ཉིན་གྱི་དུས་ཚོད་བཅུ་གཉིས་ནས་བཟུང་ཝུའུ་ཁི་ལན་ཤར་ཕྱོགས་ནས་དམག་འཁྲུག་རྒྱག་མཚམས་ཡོངས་སུ་འཇོག་རྒྱུ་དང་། དམག་འཁྲུག་རྒྱག་པའི་ཕྱོགས་གཉིས་ཀྱིས་ཆེས་འགོར་ན་ཡང་དམག་འཁྲུག་རྒྱག་མཚམས་བཞག་རྗེས་ཀྱི་ཉིན་གཉིས་པ་ནས་བཟུང་མཚོན་ཆ་ཆེ་བའི་རིགས་ཕྱིར་འཐེན་བྱེད་རྒྱུ་སོགས་འདུ། མིག་སྔར་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ས་ཁུལ་མང་ཆེ་ཤོས་ནས་ཕལ་ཆེར་དམག་འཁྲུག་རྒྱག་མཚམས་བཞག་ཡོད་མོད། ཡིན་ནའང་ཅེ་པ་ལེ་ཚའེ་ཝོ་ས་ཁུལ་གྱི་དམག་འཁྲུག་སྔར་བཞིན་ཛ་དྲག་ཆེ་བ་དང་། དམག་འཁྲུག་རྒྱག་མཚམས་འཇོག་པའི་གྲོས་ཆོད་ཕན་ནུས་ལྡན་པར་ལག་བསྟར་བྱེད་ཐུབ་ཀྱིན་མེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།