ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་དཔོན་རིགས་ཀྱིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེས་དབྱི་རག་གི་ནུབ་ཕྱོགས་ཀྱི་གྲོང་ཁྱེར་པ་ཀི་ཏ་ཏེ་ནས་ཉུང་མཐར་ཡང་མི་ཞེ་ལྔ་མེར་བསྲེགས་ཟེར།

ས་དེའི་ཉེན་རྟོག་དཔོན་པོ་ཨོ་པེ་ཏེ་ཡིས་བཤད་རྒྱུར། མིག་སྔར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་མི་ཞེ་ལྔ་མེར་བསྲེགས་པའི་དམིགས་ཡུལ་ཅི་ཡིན་པ་མི་ཤེས་མོད། ཡིན་ནའང་དེའི་ནང་གི་གནོད་པ་ཐེབས་མཁན་ཁ་ཤས་ནི་ས་དེའི་བདེ་འཇགས་དམག་དཔུང་གི་དམག་མི་རེད་ཟེར།

ཨོ་པེ་ཏེ་ཡིས་དབྱི་རག་སྲིད་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ས་དེར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུའི་རེ་བ་བཏོན་པ་དང་། ཁོས་བཤད་རྒྱུར། ས་དེའི་བདེ་འཇགས་དམག་དཔུང་དང་དཔོན་རིགས་ཀྱི་ཁྱིམ་མི་སྡོད་ཁུལ་ལ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འཇབ་རྒོལ་ཐེབས་བཞིན་པའི་སྒང་ཡིན་ཟེར།

ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེས་པ་ཀི་ཏ་ཏེ་ནས་དབྱི་རག་གི་སྲིད་གཞུང་དམག་བར་ཟླ་འགའི་རིང་འཐབ་འཁྲུག་དྲག་པོ་བརྒྱབ་མཐར། གཟའ་འཁོར་སྔོན་མའི་གཟའ་ཕུར་བུའི་ཉིན་པ་ཀི་ཏ་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ལག་ཏུ་ཤོར་བ་དང་། གཟའ་པ་སངས་ཉིན་དྲག་ཆས་མི་སྣས་ད་དུང་པ་ཀི་ཏ་ཏེ་དང་བར་ཐག་སྤྱི་ལེ་བརྒྱད་ཡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་ཨ་ས་ཏི་དམག་སྒར་ལ་འཇབ་རྒོལ་བྱས།

ས་ཁུལ་དེ་རུ་འཐབ་འཁྲུག་རྒྱག་བཞིན་པ་དང་འཕྲིན་གཏོང་ཐད་ཀྱང་དཀའ་ངལ་ཧ་ཅང་ཆེ་བས། གོང་གི་དམར་གསོད་དོན་རྐྱེན་དེ་བདེན་མིན་ད་དུང་བཤད་དཀའ།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།