ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པ་ནོན་ཀྲིན་ཀྲུའུ་ཏང་གི་ཧྲུའུ་ཅི་ནཱ་སི་ལུའུ་ལཱ་ཡིས་ཚེས་བཅུ་དྲུག་ཉིན་རྒྱལ་ས་པེ་རུ་ཐི་ནས་བསྟན་དོན། ཀྲིན་ཀྲུའུ་ཏང་གིས་རྒྱལ་ཡོངས་ཀྱི་འཇིགས་སྐུལ་ངོ་རྒོལ་འཐབ་ཇུས་བཟོ་འགོད་བྱེད་པའི་གྲོས་གཞི་ལ་རྒྱབ་སྐྱོར་བྱེད་པ་ཡིན་ཟེར།

 ནཱ་སི་ལུའུ་ལཱ་ཡིས་ཉིན་དེའི་དགོང་མོར་པེ་རུ་ཐིའི་ལྷོ་འདབས་ནས་བསྡུས་པའི་ཀྲིན་ཀྲུའུ་ཏང་གི་ཚེ་ལས་འདས་པའི་མགོ་ཁྲིད་པར་དྲན་གསོ་ཞུ་བའི་འདུ་ཚོགས་ཤིག་གི་སྟེང་བརྙན་ཡོལ་ཆེན་པོ་བརྒྱུད་དེ་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། དེང་སྐབས་ཀྱི་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་སྣང་ལ་དམིགས་ནས། ཀྲིན་ཀྲུའུ་ཏང་གིས་རྒྱལ་ཡོངས་ཀྱི་འཇིགས་སྐུལ་ངོ་རྒོལ་འཐབ་ཇུས་བཟོ་འགོད་བྱེད་པའི་གྲོས་གཞི་ལ་རྒྱབ་སྐྱོར་བྱེད་པ་མ་ཟད། ལེ་པ་ནོན་གྱི་ཆབ་སྲིད་ཕྱོགས་ཁག་སོ་སོའི་བར་འདིའི་ཐད་ནས་གྲོས་མཐུན་འབྱུང་བར་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།

ནཱ་སི་ལུའུ་ལཱ་ཡིས་བཤད་རྒྱུར། ཀྲིན་ཀྲུའུ་ཏང་གིས་ལེ་པ་ནོན་གྱི་དམག་དཔུང་དང་བདེ་འཇགས་དམག་དཔུང་གིས་ལེ་པ་ནོན་ཤར་ཕྱོགས་ཀྱི་པེ་ཁཱ་ས་ཁུལ་དུ་ལག་བསྟར་བྱེད་བཞིན་པའི་བདེ་འཇགས་འཆར་གཞི་ལ་རྒྱབ་སྐྱོར་བྱེད་པར་མ་ཟད། སྲིད་གཞུང་གིས་དེ་དང་མཉམ་དུ་པེ་ཁཱ་ས་ཁུལ་ནས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།

ལེ་པ་ནོན་གྱི་མ་འོངས་འཐབ་ཕྱོགས་ཞེས་པའི་ཀྲུའུ་ཞི་ཧ་ལེ་ལེ་ཡིས་ཚེས་བཅུ་བཞི་ཉིན་ལེ་པ་ནོན་གྱི་སྔོན་ཆད་ཀྱི་ཙུང་ལི་ཧ་ལེ་ལེ་ལྐོག་གསོད་བྱས་ཏེ་ལོ་འཁོར་བཅུ་ལོན་པར་དྲན་གསོ་ཞུ་བའི་འདུ་ཚོགས་སྟེང་གཏམ་བཤད་སྤེལ་ནས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་ནི་ལེ་པ་ནོན་གྱི་མི་ཚང་མའི་ལས་འགན་ཡིན་ཞེས་བཤད། ཁོས་ལེ་པ་ནོན་གྱི་ཕྱོགས་སོ་སོས་རྒྱལ་ཁབ་ཀྱི་ཁེ་ཕན་གཙིགས་སུ་བཟུང་ནས། རྒྱལ་ཁབ་ཀྱི་འཇིགས་སྐུལ་ངོ་རྒོལ་འཐབ་ཇུས་མྱུར་དུ་བཟོ་འགོད་བྱེད་པར་མཉམ་དུ་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་བ་མ་ཟད། ལེ་པ་ནོན་གྱི་དམག་དཔུང་དང་བདེ་འཇགས་དམག་དཔུང་གིས་སྤྱོད་བཞིན་པའི་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་ལ་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།