1月26日,在希腊雅典总统府,希腊新总理齐普拉斯在宣誓就职后面对镜头。1.jpg

  ཟླ་དང་པོའི་ཚེས་ཉེར་དྲུག་ཉིན། ཞི་ལཱའི་ཡཱ་ཏེན་དུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས། ཞི་ལཱའི་ཙུང་ལི་གསར་བ་ཆི་ཕུའུ་ལཱ་སི་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

1月26日,在希腊雅典总统府,希腊新总理齐普拉斯在宣誓就职后面对镜头。2.jpg

  ཟླ་དང་པོའི་ཚེས་ཉེར་དྲུག་ཉིན། ཞི་ལཱའི་ཡཱ་ཏེན་དུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས། ཞི་ལཱའི་ཙུང་ལི་གསར་བ་ཆི་ཕུའུ་ལཱ་སི་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ལཱའི་གཡོན་ཕྱོགས་མནའ་འབྲེལ་ཏང་གི་མགོ་ཁྲིད་པ་ཆི་ཕུའུ་ལཱ་སི་ཡིས་ཚེས་ཉེར་དྲུག་ཉིན་ཙུང་ཐུང་བཞུགས་ཤག་ནས་དམ་བཅའ་བཞག་སྟེ་སྐབས་གསར་བའི་ཙུང་ལིའི་འགན་ཁུར།

  ཚེས་ཉེར་ལྔ་ཉིན་སྤེལ་བའི་གྲོས་ཁང་གི་འདེམ་བསྐོའི་ཁྲོད། གྲོན་ཆུང་བྱེད་ཐབས་དང་ད་ཡོད་ཀྱི་རོགས་སྐྱོར་གྲོས་མཐུན་ལ་ངོ་རྒོལ་བྱེད་པའི་གཡོན་ཕྱོགས་མནའ་འབྲེལ་ཏང་ལ་རྒྱལ་ཁ་ཐོབ་སྟེ། གྲོས་ཁང་གི་ལས་གནས་སུམ་བརྒྱའི་ཁྲོད་ལས་གནས་བརྒྱ་དང་ཞེ་དགུ་ཐོབ་པ་རེད། ཏང་ཁག་དེས་ལས་གནས་བཅུ་གསུམ་ཐོབ་པའི་སྒེར་ཚུགས་ཞི་ལཱ་བའི་ཏང་ཁག་དང་མཉམ་དུ་མཉམ་འབྲེལ་སྲིད་གཞུང་འཛུགས་རྒྱུ་རེད།

  ཆི་ཕུའུ་ལཱ་སི་ཡིས་ཚེས་ཉེར་དྲུག་ཉིན་ཞི་ལཱའི་ཙུང་ཐུང་ཕཱ་ཕུའུ་ལེ་ཡཱ་སི་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཁོས་སྲིད་ཏང་གཞན་ཞིག་སྲིད་གཞུང་གསར་བར་ཞུགས་པའམ་ཡང་ན་རྒྱབ་སྐྱོར་བྱེད་པར་བརྩོན་ལེན་བྱེད་ངེས་ཡིན་ཟེར། ཁོས་ད་རུང་གང་མགྱོགས་ཀྱིས་སྲིད་གཞུང་རྩ་འཛུགས་བྱེད་རྒྱུའི་ཚུལ་བསྟན།

ལས་ཞུགས་མཛད་སྒོའི་སྟེང་ཆི་ཕུའུ་ལཱ་སི་ཡིས་སྲོལ་རྒྱུན་གྱི་ཆོས་ལུགས་དམ་བཅའ་འཇོག་པའི་ཆོ་ག་སྤེལ་མེད།

  ཙུང་ཐུང་བཞུགས་ཤག་ཏུ་སོང་ནས་དམ་བཅའ་བཞག་སྟེ་ལས་འགན་མ་ཁུར་གོང་ཁོས་རྒྱལ་ཡོངས་ཀྱི་འགོག་རྒོལ་མཁན་གྱི་རྗེས་དྲན་རྡོ་རིང་ལ་གུས་ཕྱག་ཕུལ་ནས། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་དམར་གསོད་ཐེབས་པའི་ཞི་ལཱའི་མི་རྣམས་ལ་གུས་སེམས་བསྟན།

  ཆི་ཕུའུ་ལཱ་སི་ཡིས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོ་དང་ཡང་ན་ཚེས་ཉེར་བདུན་ཉིན་ནེ་ཀིའི་མིང་ཐོ་ཁྱབ་སྒྲོག་བྱེད་རྒྱུ་རེད། དེ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་ཞི་ལཱའི་གཡོན་ཕྱོགས་སྲིད་ཏང་གིས་ཐོག་དང་པོར་སྲིད་གཞུང་ལ་མགོ་འཛིན་བྱས་པ་ཡིན་ལ། ད་ལོ་ལོ་བཞི་བཅུ་ཡིན་པའི་ཆི་ཕུའུ་ལཱ་སི་ཡང་ཞི་ལཱའི་ལོ་རབས་བདུན་ཅུའི་རྗེས་ཀྱི་ཙུང་ལི་ཐོག་མར་གྱུར་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།