ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་དྲུག་ཉིན་བསྟན་དོན། ཨུ་རུ་སིའི་སྲིད་གཞུང་གི་དཔལ་འབྱོར་སྡེ་ཁག་གིས་ཉམས་ཉེན་ཐག་གཅོད་བྱེད་པའི་འཆར་གཞི་གཏན་འབེབས་བྱས་ཏེ་ཐོག་མར་སྤྱི་ཚོགས་བརྟན་འཇགས་ཡོང་བར་འགན་སྲུང་བྱེད་བཞིན་ཡོད་ཟེར།

ཕུའུ་ཅིན་གྱིས་ཉིན་དེར་སྲིད་གཞུང་གི་དཔོན་རིགས་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། སྤྱི་ཚོགས་ཀྱི་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། སྔོན་རྩིས་དང་དངུལ་ལོར་ཚད་བརྒལ་འགྲེམ་པ། ཕྱི་བུན། རྒྱལ་སྤྱིའི་གྲབས་གསོག་སོགས་དཔལ་འབྱོར་དམིགས་ཚད་དེ་དང་ལེན་བྱེད་ཐུབ་པའི་ཆུ་ཚད་དུ་སྲུང་འཛིན་བྱེད་དགོས་པ་དང་། ཆེ་མཐོང་དཔལ་འབྱོར་བརྟན་འཇགས་ཡོང་བར་འགན་སྲུང་བྱེད་དགོས་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། སྲིད་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གིས་དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་བྱེད་དགོས་པ་དང་། དེའི་ནང་མི་སྒེར་གྱི་དངུལ་གཏོང་བསྡུ་ལེན་བྱེད་པ་དེ་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བའི་བྱེད་ཐབས་གཙོ་བོར་བྱེད་དགོས། མིག་སྔར་ཨུ་རུ་སིའི་དཔལ་འབྱོར་གནས་བབ་མི་ལེགས་པའི་གནས་ཚུལ་འོག སྲིད་གཞུང་གིས་ནོར་སྲིད་ཀྱི་འགྲོ་སོང་གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ། ཁྱབ་ཁོངས་གཙོ་བོ་རེ་འགའི་མ་དངུལ་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།