乌克兰总统宣布全国哀悼一天 谴责恐怖分子行径 1.jpg

ཟླ་དང་པོའི་ཚེས་ཉེར་བཞིའི་ཉིན། ཝུའུ་ཁི་ལན་གྱི་ཅི་ཧྥུའུ་ནས། ས་དེའི་མང་ཚོགས་ཀྱིས་རང་བཙན་ཐང་ཆེན་ནས་ཞག་སྒྲོན་བཀར་ནས་ཉིན་དེར་མཱ་ལི་ཝུའུ་པའོ་ཨར་གྱི་མེ་སྒྱོགས་ཀྱི་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སེར་དཀྱུས་མར་མྱ་ངན་ཞུས།

乌克兰总统宣布全国哀悼一天 谴责恐怖分子行径 2.jpg

  ཟླ་དང་པོའི་ཚེས་ཉེར་བཞིའི་ཉིན། མཱ་ལི་ཝུའུ་པའོ་ཨར་སྲང་ལམ་དུ། ཝུའུ་ཁི་ལན་ནང་སྲིད་སྡེ་ཁག་གི་ལས་བྱེད་མི་སྣས་འདས་པོའི་བེམ་པོར་ཞིབ་བཤེར་བྱེད་བཞིན་པ།


乌克兰总统宣布全国哀悼一天 谴责恐怖分子行径 3.jpg

  ཟླ་དང་པོའི་ཚེས་ཉེར་བཞིའི་ཉིན། མཱ་ལི་ཝུའུ་པའོ་ཨར་ནས་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་པའི་ཡུལ་དངོས་ལ་རྟོག་ཞིབ་བྱེད་བཞིན་པ།

乌克兰总统宣布全国哀悼一天 谴责恐怖分子行径 4.jpg

འཇབ་རྒོལ་ཐེབས་སའི་ཡུལ་དངོས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར་བཀའ་རྒྱ་སྤེལ་ཏེ། ཉིན་དེར་རྒྱལ་ཡོངས་ནས་མྱ་ངན་བྱེད་དགོས་པ་ཁྱབ་སྒྲོག་བྱས་པ་དང་། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་མཱ་ལི་ཝུའུ་པའོ་ཨར་གྲོང་ཁྱེར་ནས་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་ཏེ་མི་སེར་དཀྱུས་མར་འཇབ་རྒོལ་ཐེབས་པར་མྱ་ངན་ཞུས།

   ཝུའུ་ཁི་ལན་གྱི་ཙུང་ཐུང་བཀའ་རྒྱ་ལས་བཤད་རྒྱུར། འཇིགས་སྐུལ་ཉེས་ཅན་གྱིས་ཚེས་ཉེར་བཞིའི་ཉིན་མེ་སྒྱོགས་གཏོང་འཕེན་བྱས་ཏེ་མཱ་ལི་ཝུའུ་པའོ་ཨར་གྲོང་ཁྱེར་གྱི་སྡོད་ཁུལ་དུ་དཔུང་འཇུག་བྱས་ཏེ། མི་སེར་དཀྱུས་མར་ཤི་རྨས་བཟོས་པས། ཚེས་ཉེར་ལྔ་ཉིན་རྒྱལ་ཡོངས་ནས་འདས་པོར་མྱ་ངན་ཞུ་བར་ཐག་བཅད།

  ཙུང་ཐུང་གི་བཀའ་རྒྱ་ལྟར་ན། ས་དེའི་དུས་ཚོད་བཅུ་གཉིས་སྟེང་། ཝུའུ་ཁི་ལན་རྒྱལ་ཡོངས་ཀྱིས་སྐར་མ་གཅིག་རིང་མྱ་ངན་ཞུ་དགོས་པ་དང་། རྒྱལ་ཁབ་ལས་ཁུངས་དང་རྒྱལ་དབང་ཁེ་ལས་སོགས་ཀྱིས་དར་ཆ་ཕྱེད་ཙམ་མར་ཕབ་དགོས་ལ། རྒྱལ་ཡོངས་ནས་རོལ་རྩེད་བྱ་འགུལ་དང་ལུས་རྩལ་འགྲན་བསྡུར་ཡོད་ཚད་མཚམས་འཇོག་དགོས་པ་དང་། རླུང་འཕྲིན་དང་བརྙན་འཕྲིན་ལས་ཁུངས་ཀྱི་ལེ་ཚན་ལའང་དགོས་ངེས་ཀྱི་ལེགས་སྒྲིག་བྱེད་དགོས་ཟེར།

  ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་ཏོན་ནེ་ཚི་ཁི་ཀྲིག་གི་མཚོ་འགྲམ་གྲོང་ཁྱེར་མཱ་ལི་ཝུའུ་པའོ་ཨར་གྱི་སྡོད་ཁུལ་ཞིག་ཏུ་ཚེས་ཉེར་བཞིའི་ཉིན་གྱི་སྔ་དྲོར་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་ཏེ། ཐོག་ཁང་ང་གསུམ་ལ་གཏོར་བརླག་ཐེབས་པ་དང་། དེའི་ནང་ཐོག་ཁང་བཅུ་བཞིར་མེ་སྒྱོགས་ཐད་ཀར་ཕོག་ཡོད། སྡོད་ཁུལ་ནང་གི་གནས་མང་བོར་མེ་སྐྱོན་བྱུང་ཡོད་ལ། རླངས་འཁོར་ཆུང་བ་འགའ་མེར་འབར། མིག་སྔའི་བར་དུ། མི་སུམ་ཅུ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གོ་གསུམ་ལ་རྨས་ཕོག དེའི་ནང་མི་བཞི་བཅུའི་རྨས་སྐྱོན་ཧ་ཅང་ཚབས་ཆེན་རེད།

  ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་ཤར་ཕྱོགས་དམངས་ཁྲོད་དྲག་ཆས་པར་དོན་རྐྱེན་དེ་འདྲ་བཟོས་པར་སྐྱོན་འཛུགས་བྱས། ཝུའུ་ཁི་ལན་གྱི་ཙུང་ལི་ཡཱ་ཚེ་ཉིག་ཁི་ཡིས་ཚེས་ཉེར་བཞིའི་ཉིན་མཱ་ལི་ཝུའུ་པའོ་ཨར་གྲོང་ཁྱེར་གྱི་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ཐད་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་བསྡུ་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།