资料图:印度总理莫迪。.jpg

རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱི་རྒྱུ་ཆའི་པར་རིས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱིས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་དང་གྲོས་མོལ་བྱས་རྗེས་བཤད་རྒྱུར། ཨ་མེ་རི་ཁ་དང་རྒྱ་གར་གྱིས་མ་འོངས་པའི་ལོ་ངོ་བཅུའི་དམག་དོན་ལག་རྩལ་མཉམ་ལས་ཁྱབ་ཁོངས་གསར་བསྒྱུར་བྱེད་པའི་གྲོས་མཐུན་ལ་འཐད་པ་བྱུང་ཡོད་ཟེར།

  མའོ་ཏིས་ཀྱིས་བཤད་རྒྱུར། ད་ལོར་ང་ཚོའི་ཆོད་དོན་གྱིས་ང་ཚོའི་རྒྱལ་སྲུང་ཁྱབ་ཁོངས་ཀྱི་ཇེ་མང་དུ་འགྲོ་བཞིན་མཉམ་ལས་དེ་ཆུ་ཚད་གསར་བ་ཞིག་ཏུ་འཕར་བར་བྱེད་རྒྱུ་ཐག་བཅད། ང་ཚོས་སྤྱིའི་ཆ་ནས་སྒེར་ཚུགས་དང་མདུན་ལྗོངས་ཡོད་པའི་རྒྱལ་སྲུང་ལས་གཞི་སྤེལ་བའི་ཐད་ནས་མཉམ་འབྲེལ་གསར་སྤེལ་དང་ཐོན་སྐྱེད་བྱ་འགུལ་སྤེལ་བར་འཐད་པ་བྱུང་ཡོད་ཟེར། ཁོས་མཚམས་སྦྱོར་བྱས་པ་ལྟར་ན། དེ་རྒྱ་གར་རྒྱལ་སྲུང་བཟོ་ལས་དང་བཟོ་སྐྲུན་ལས་རིགས་ཀྱི་འཕེལ་རྒྱས་ལ་ཕན་པ་ཡོད་ཟེར།

  ཨ་མེ་རི་ཁ་དང་རྒྱ་གར་གྱིས་ཉིས་སྟོང་ལྔ་ལོར་ལོ་ངོ་བཅུའི་གྲོས་མཐུན་བཀོད་པ་དང་། ཡིག་ཆ་ལས་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་དང་མཉམ་འབྲེལ་དམག་དོན་སྦྱོང་བརྡར། དམག་དོན་རིམ་པའི་ཕན་ཚུན་འཚམས་འདྲི་བྱེད་པའི་འཆར་གཞི། མཚོ་ཐོག་གི་བདེ་འཇགས། མཚོ་ཇག་ལ་ཆམ་ཕབ་གཏོང་བའི་ཁྱབ་ཁོངས་ནང་གི་མཉམ་འབྲེལ་འགུལ་སྐྱོད་སོགས་གཏན་འཁེལ་བྱས་ཡོད།

  ཉིས་སྟོང་བཅུ་གསུམ་ལོའི་ཟླ་དགུ་བར་མའོ་ཏིས་ཀྱིས་ཨ་མེ་རི་ཁར་འཚམས་འདྲི་བྱེད་སྐབས། ཕྱོགས་གཉིས་ཀྱིས་ཉིས་སྟོང་བཅོ་ལྔ་ལོར་གྲོས་མཐུན་གསར་བསྒྱུར་བྱེད་རྒྱུ་ཐག་བཅད། ལག་རྩལ་བརྒྱུད་སྤྲོད་སྟབས་བདེ་རུ་གཏོང་བ་དང་རྒྱལ་སྲུང་ཁྱབ་ཁོངས་སུ་མཉམ་འབྲེལ་གྱི་གསར་སྤེལ་དང་ཐོན་སྐྱེད་བྱ་བ་སྤེལ་བའི་བྱེད་ཐབས་རེ་འགའ་གྲོས་མཐུན་ནང་འགོད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།