ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ཡིས་ཚེས་ཉེར་བཞི་ཉིན་གསལ་སྒྲོག་སྤེལ་ནས། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེས་འཇར་པན་གྱི་མི་གཏའ་ཞིག་བསད་པའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། ཡང་བསྐྱར་རྩ་འཛུགས་དེས་མྱུར་དུ་འཇར་པན་གྱི་མི་གཏའ་གཞན་པ་ཞིག་དང་མི་གཏའ་གཞན་དག་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་།

ཨོ་པ་མ་ཡིས་ཡིག་ཐོག་གི་གསལ་སྒྲོག་ནང་ཐང་ཁྲོན་ཡའོ་ཚའེ་ཟེར་བའི་མི་གཏའ་དེ་རྐྱེན་ལམ་དུ་ཤོར་བར་མྱ་ངན་ཞུས། ཁོས་ང་ཚོས་ལག་རྡང་མཉམ་སྦྲེལ་གྱིས་དམར་གསོད་ཀྱི་ལས་ལ་ཞུགས་པའི་མི་ངན་དེ་དག་ཁྲིམས་ལ་སྦྱོར་རྒྱུ་ཡིན་པར་མ་ཟད། མུ་མཐུད་དུ་བློ་ཐག་རྦད་ཆོད་ཀྱི་འགུལ་སྐྱོད་སྤེལ་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེར་ཆམ་ཕབ་གཏོང་རྒྱུ་ཡིན་ལ་མཇུག་མཐར་དེ་ཕམ་པར་རྒྱག་རྒྱུ་ཡིན་ཞེས་བཤད།

ཚེས་ཉེར་བཞི་ཉིན་གྱི་དགོང་མོར་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེས་དྲ་ཚིགས་སྟེང་འདྲ་པར་ཞིག་བསྟན་པ་དང་། འདྲ་པར་ལས་བཙན་ཁྲིད་བྱས་པའི་འཇར་པན་གྱི་མི་གཏའ་ཧི་ཐིན་ཅན་ཨར་ཟེར་བ་དེས་མི་གཏའ་གཞན་པ་ཐང་ཁྲོན་ཡའོ་ཚའེ་ཟེར་བ་དེ་དམར་གསོད་བྱེད་པའི་འདྲ་པར་ཞིག་ལག་ཏུ་བཟུང་ཡོད། དྲ་ཚིགས་སྟེང་སྐད་ཆ་དུམ་བུ་ཞིག་གི་སྒྲ་ཡང་བཞག་ཡོད་ལ། དེའི་ནང་དུ་ཧི་ཐིན་ཅན་ཨར་གྱིས་ཁོའི་ལག་ཏུ་བཟུང་ཡོད་པ་ནི་འཇར་པན་གྱི་མི་གཏའ་ཐང་ཁྲོན་ཡའོ་ཚའེ་ཟེར་བ་དེ་དམར་གསོད་བྱེད་པའི་འདྲ་པར་ཡིན་ཞེས་བཤད་ཡོད།

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་ཚེས་བཅུ་བདུན་ཉིན་ཨེ་ཅིབ་རྒྱལ་ཁབ་ཀྱི་ཁའེ་རོ་ལ་འཚམས་འདྲི་བྱེད་སྐབས། འཇར་པན་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕབ་གཏོང་བའི་དབུས་ཤར་རྒྱལ་ཁབ་ལ་ཨ་སྒོར་དུང་ཕྱུར་གཉིས་ཀྱི་རོགས་སྐྱོར་བྱེད་པར་ཞུགས་རྒྱུ་ཡིན་ཞེས་བཤད་མྱོང་། དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེས་ཚེས་ཉི་ཤུ་ཉིན་བརྙན་ཐག་ཅིག་བསྟན་ནས། འཇར་པན་གྱི་མི་གཏའ་གཉིས་དམར་གསོད་གཏོང་རྒྱུའི་འཇིགས་སྣང་བསླངས་ཏེ། འཇར་པན་ཕྱོགས་ལ་ཨ་སྒོར་དུང་ཕྱུར་གཉིས་བྱིན་ན་ད་གཟོད་མི་གཏའ་དེ་གཉིས་ཕྱིར་གཏོང་རྒྱུའི་རེ་བ་བཏོན།

བསྒྲགས་པའི་གནས་ཚུལ་ལྟར་ན། འཇར་པན་སྲིད་གཞུང་གིས་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་དེ་མི་གཏའ་སྐྱོབ་རྩིས་བྱས་པ་མ་ཟད། དབུས་ཤར་ས་ཁུལ་གྱི་མགོ་ཁྲིད་པ་ཁ་ཤས་ལ་རེ་བ་བཅོལ་ཡོད་ཟེར།

ན་ནིང་གི་ཟླ་དྲུག་པའི་ཟླ་མཇུག་ལ། དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེས་རང་གིས་ཚོད་འཛིན་བྱས་པའི་དབྱི་རག་དང་སི་རི་ཡའི་མངའ་ཁོངས་ནས་དབྱི་སི་ལན་རྒྱལ་ཁབ་ཅིག་བཙུགས་པ་ཁྱབ་སྒྲོག་བྱས། ན་ནིང་གི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་ནས་བཟུང་། ཨ་མེ་རི་ཁའི་འཐབ་འཛིང་གནམ་གྲུས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེའི་དབྱི་རག་གི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱས་པ་མ་ཟད། ཟླ་དགུ་བར་འཇབ་རྒོལ་གྱི་ཁྱབ་ཁོངས་དེ་སི་རི་ཡ་ལ་རྒྱ་བསྐྱེད། དབྱིན་ཇི་དང་ཧྥ་རན་སི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱང་དབྱི་རག་གི་བར་སྣང་འཇབ་རྒོལ་འགུལ་སྐྱོད་ལ་ཞུགས་པ་དང་། ཅོར་ཏན་སོགས་ཨ་རབ་རྒྱལ་ཁབ་ལྔ་སི་རི་ཡའི་མངའ་ཁོངས་ཀྱི་བར་སྣང་འཇབ་རྒོལ་ལ་ཞུགས།

འཇར་པན་གྱི་མི་གཏའ་དམར་གསོད་མ་བཏང་བའི་སྔོན་ལ། དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེས་ཨ་མེ་རི་ཁའི་མི་གཉིས་དང་བཅས་པའི་ནུབ་ཕྱོགས་ཀྱི་མི་གཏའ་ལྔ་དམར་གསོད་བྱས་ཡོད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།