ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པ་ནོན་གསར་འགྱུར་ལས་ཁུངས་ཀྱིས་ཚེས་ཉེར་བཞི་ཉིན་བསྒྲགས་པ་ལྟར་ན། ཉིན་གཅིག་གི་སྔོན་ལ་ལེ་པ་ནོན་གྱི་ཤར་ཕྱོགས་ནས་བྱུང་བའི་ལེ་པ་ནོན་གྱི་དམག་དཔུང་དང་ཐལ་སྤྱོད་རྩ་འཛུགས་བར་གྱི་འཐབ་འཁྲུག་ཁྲོད་ནས་དྲག་ཆས་མི་སྣ་བཞི་བཅུ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགའ་ལ་རྨས་ཕོག་ཟེར།

གཞན་ཡང་ལེ་པ་ནོན་དམག་ཕྱོགས་ཀྱིས་ཚེས་ཉེར་བཞི་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། ལེ་པ་ནོན་གྱི་དམག་དཔུང་གིས་ཚེས་ཉེར་བཞི་ཉིན་གཡུལ་སར་གཙང་སྦྲ་བྱེད་སྐབས་དམག་མི་གསུམ་གྱི་བེམ་པོ་རྙེད་པས། ཐལ་སྤྱོད་རྩ་འཛུགས་བར་གྱི་འཐབ་འཁྲུག་དེའི་ཁྲོད་ནས་རྐྱེན་ལམ་དུ་ཤོར་བའི་དམག་མིའི་གྲངས་ཀ་བརྒྱད་ལ་འཕར་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱབ་སྐྱོར་འཐབ་ཕྱོགས་ཞེས་པ་སོགས་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་བརྒྱ་ཕྲག་འགས་ཚེས་ཉེར་གསུམ་ཉིན་གྱི་ཞོགས་པར་སི་རི་ཡ་དང་འབྲེལ་བའི་པ་ལེ་པེ་ཁི་ས་ཁུལ་གྱི་ལེ་པ་ནོན་དམག་དཔུང་གི་སོ་ལྟ་ཁང་ཞིག་ལ་འཇབ་རྒོལ་བྱས་པ་དང་། ལེ་པ་ནོན་དམག་དཔུང་གིས་ས་དེར་དམག་ཁ་སྣོན་བྱས་ཏེ་རྒོལ་ལན་སྤྲད་ལ། ཕྱོགས་གཉིས་ཀྱིས་འཐབ་འཁྲུག་དྲག་པོ་བརྒྱབ། མེ་པ་ནོན་དམག་དཔུང་གིས་མེ་ཤུགས་འཕུར་མདེལ་དང་སྒྱོགས་མདེལ་འཕངས་པ་མ་ཟད། དྲག་ཆས་གྱེན་འཕུར་གནམ་གྲུ་མངགས་ཏེ་རྒོལ་ལན་སྤྲད། དུས་ཚོད་འགར་འཐབ་འཁྲུག་དྲག་པོ་བརྒྱབ་རྗེས། ལེ་པ་ནོན་གྱི་དྲག་ཆས་མི་སྣས་རེ་ཞིག་ལ་བཟུང་བའི་ས་ཁུལ་ཕྱིར་འཕྲོག

སི་རི་ཡའི་ཉམས་ཉེན་གྱི་གནོད་པ་ཐེབས་པས། ལེ་པ་ནོན་གྱི་བདེ་འཇགས་གནས་བབ་རྒྱུན་ཆད་མེད་པར་ཇེ་སྡུག་ཏུ་འགྲོ་བཞིན་ཡོ་ལ། དབྱི་སི་ལན་རྒྱལ་ཁབ་ཅེས་པ་དང་རྒྱབ་སྐྱོར་འཐབ་ཕྱོགས་ཞེས་པ་སོགས་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་དུས་རྒྱུན་དུ་སི་རི་ཡ་ནས་ལེ་པ་ནོན་ལ་འཛུལ་ནས་འཇབ་རྒོལ་དང་འཇིགས་སྐུལ་བྱ་འགུལ་སྤེལ་ཏེ། དམག་མི་དང་མི་སེར་མང་བོ་ཤི་རྨས་བཟོ་བཞིན་ཡོད།

ལེ་པ་ནོན་དམག་དཔུང་གི་དམག་སྤྱི་ཁ་ཝ་ཅི་ཡིས་ཚེས་ཉེར་གཅིག་ཉིན་ལེ་པ་ནོན་ཤར་ཕྱོགས་ཀྱི་སི་རི་ཡར་འབྲེལ་བའི་མཐའ་མཚམས་ས་ཁུལ་གྱི་མཐའ་སྲུང་དམག་དཔུང་ལ་གཟིགས་ཞིབ་བྱེད་སྐབས། དམག་དཔུང་གིས་གྲ་སྒྲིག་སྔར་ལས་ལེགས་པོ་བྱས་ཏེ་འབྱུང་སྲིད་པའི་འགྲན་རྩོད་དང་ཐོལ་བྱུང་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་འཇལ་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།