ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མའོ་ལོ་ཀིའི་རྒྱལ་བོ་མུའུ་ཧན་མའོ་ཏི་སྐུ་ཕྲེང་དྲུག་པས་ཚེས་ཉི་ཤུའི་ཉིན་མའོ་ལོ་ཀིའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་མཱ་ལཱ་ཁཱ་ཧྲི་ནས་འཚམས་འདྲིར་ཡོང་བའི་ཁོ་ཐེ་ཏི་ཝོར་གྱི་ཙུང་ཐུང་ཝ་ཐཱ་ལཱ་དང་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་བདེ་འཇགས་དང་ཁྲིམས་འཛིན། སྒོ་ཁྲལ་སོགས་ཁྱབ་ཁོངས་ལ་འབྲེལ་བའི་མཉམ་ལས་གྲོས་མཐུན་དང་བཟོད་སྒོམ་བརྗེད་ཐོ་སྣ་བཅུ་དྲུག་བཀོད།

མའོ་ལོ་ཀིའི་ཕྱི་འབྲེལ་དང་མཉམ་ལས་བློན་ཆེན་མེད་ཙུའུ་ཨར་གྱིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བསྟན་དོན། མའོ་ལོ་ཀི་དང་ཁོ་ཐེ་ཏི་ཝོར་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ད་རུང་ས་ཁུལ་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་དང་། མཱ་ལི། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་གནས་བབ་སོགས་གནད་དོན་ཐད་ནས་གྲོས་མོལ་བྱས་ཟེར།

ཝ་ཐཱ་ལཱ་དང་ཁོ་ཐེ་ཏི་ཝོར་གྱི་ཁེ་ལས་པའི་འཐུས་ཚབ་ཚོགས་པ་ཚེས་ཉེར་གཅིག་ཉིན་མཱ་ལཱ་ཁཱ་ཧྲི་ནས་སྤེལ་རྒྱུ་ཡིན་པའི་མའོ་ལོ་ཀི་དང་ཁོ་ཐེ་ཏི་ཝོར་གྱི་དཔལ་འབྱོར་གླེང་སྟེགས་ལ་ཞུགས་རྒྱུ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་པ་ལྔ་བརྒྱ་ལྷག་གིས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ནས་བརྗེ་རེས་བྱེད་རྒྱུ་རེད།

ཁོ་ཐེ་ཏི་ཝོར་ནི་མའོ་ལོ་ཀིའི་སཱ་ཧཱ་ལཱ་ལྷོ་ངོས་ཀྱི་ཨ་ཧྥེ་རི་ཁའི་དཔལ་འབྱོར་གྲོགས་པོ་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་དངུལ་ཁང་དང་། སྨན་རྫས་ཐོན་སྐྱེད། བཟོ་སྐྲུན་འཛུགས་སྐྲུན། བརྡ་འཕྲིན་ལག་རྩལ་སོགས་ཁྱབ་ཁོངས་ནས་མཉམ་ལས་ཟབ་མོ་སྲུང་འཛིན་བྱས་ཡོད་པ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་དེ་ཉིས་སྟོང་བཅུ་གཉིས་ལོར་མེ་སྒོར་བྱེ་བ་དགུ་ལས་བརྒལ་བ་རེད། ཉིས་སྟོང་བཅུ་བཞི་ལོའི་ཟླ་གཉིས་པར། མའོ་ལོ་ཀིའི་རྒྱལ་བོ་མུའུ་ཧན་མའོ་ཏི་སྐུ་ཕྲེང་དྲུག་པས་ཁོ་ཐེ་ཏི་ཝོར་ལ་འཚམས་འདྲི་བྱེད་སྐབས། ཕྱོགས་གཉིས་ཀྱིས་མཉམ་ལས་གྲོས་མཐུན་སྣ་ཉེར་དྲུག་བཀོད་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།