ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་གྱི་གསར་འགྱུར་པུའུ་ཀྲང་སཱ་ཁཱ་ཧྥུའུ་ཡིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། ཧུའུ་སེ་དྲག་ཆས་མི་སྣས་ཙུང་ཐུང་བཞུགས་ཤག་དང་ཙུང་ལིའི་བཞུགས་ཤག་སོགས་སྲིད་གཞུང་གི་ལས་ཁུངས་གཙོ་བོའི་མཐའ་བསྐོར་བ་དང་། ཧུའུ་སེ་དྲག་ཆས་མི་སྣས་ཙུང་ཐུང་བཞུགས་ཤག་ཉེ་འདབས་ཀྱི་ཐོག་ཁང་གི་ཡང་སྟེང་ནས་བཞུགས་ཤག་ལ་མེ་མདས་རྒྱབ་པ་རེད་ཟེར།

སཱ་ཁཱ་ཧྥུའུ་ཡིས་བཤད་རྒྱུར། ཙུང་ཐུང་ཧཱ་ཏིས་ཀྱིས་བཞུགས་ཤག་ན་ཧུའུ་སེ་དྲག་ཆས་རྩ་འཛུགས་ཀྱི་འཐུས་མི་དང་གྲོས་མོལ་བྱས་ཏེ་ཉེ་སྔོན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་བརྩོན་བཞིན་ཡོད་པ་དང་། ཞོར་དུ་ཧུའུ་སེ་དྲག་ཆས་རྩ་འཛུགས་ཀྱིས་ཙུང་ཐུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཕྱིར་གཏོང་དགོས་པའི་རེ་བ་བཏོན།

ཡེ་མིན་གྱི་ཙུང་ཐུང་བཞུགས་ཤག་དེ་རྒྱལ་ས་སཱ་ནཱའི་ནུབ་ངོས་སུ་གནས་པ་དང་། བདེ་འཇགས་ཀྱི་རྒྱུ་རྐྱེན་ལ་བསམ་བློ་བཏང་སྟེ་ཡེ་མིན་གྱི་ཙུང་ཐུང་ཧཱ་ཏིས་ཀྱིས་གཙོ་བོ་བཞུགས་ཤག་དེར་གཞུང་སྒྲུབ་དང་འཚོ་བ་རོལ་བཞིན་ཡོད། དེ་ལས་གཞན་ཡེ་མིན་ལ་ད་རུང་ཙུང་ཐུང་བཞུགས་ཤག་གཉིས་ཡོད་པ་དང་། སོ་སོར་སཱ་ནཱའི་དབུས་ཕྱོགས་དང་ལྷོ་ཕྱོགས་སུ་ཡོད་པ་རེད།

ཡེ་མིན་ནང་སྲིད་པུའུ་ཡི་དཔོན་རིགས་ཀྱིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། ཧུའུ་སེ་དྲག་ཆས་རྩ་འཛུགས་ཀྱིས་ཉིན་དེར་སཱ་ནཱའི་ལྷོ་ཕྱོགས་ཀྱི་ཙུང་ཐུང་བཞུགས་ཤག་བཙན་བཟུང་བྱས་ཟེར།

མིང་བཤད་མི་འདོད་པའི་ནང་སྲིད་པུའུ་ཡི་དཔོན་རིགས་ཤིག་གིས་གསར་འགོད་པར་བཤད་རྒྱུར། ཙུང་ཐུང་ཨུ་ཡོན་ལྷན་ཁང་གི་ལྟ་རྟོག་འོག ཙུང་ཐུང་གི་སྐུ་སྲུང་དམག་མིས་མཚོན་ཆ་སྤྲད་རྗེས་ཙུང་ཐུང་བཞུགས་ཤག་དེ་ཧུའུ་སེ་དྲག་ཆས་མི་སྣར་སྤྲད་པ་རེད་ཟེར། ཁོས་བཤད་རྒྱུར། ཙུང་ཐུང་བཞུགས་ཤག་བརྒྱུད་སྤྲོད་བྱེད་པའི་བརྒྱུད་རིམ་ཁྲོད་དྲག་ཆས་འཁྲུག་རྩོད་ཅི་ཡང་བྱུང་མེད་ལ། དེའི་རྗེས་སུ་ཧུའུ་སེ་དྲག་ཆས་མི་སྣས་མེ་མདའ་བཏང་ནས་རྒྱལ་ཁར་རྟེན་འབྲེལ་ཞུས་ཟེར།

ཧུའུ་སེ་དྲག་ཆས་རྩ་འཛུགས་ཀྱི་མགོ་ཁྲིད་པ་ཧུའུ་སེ་ཡིས་ཚེས་ཉི་ཤུའི་ཉིན་གྱི་དགོང་མོར་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ཡེ་མིན་སྲིད་གཞུང་གིས་རྒྱལ་ཡོངས་ཀྱི་འགྲིག་མཐུན་གྲོས་མོལ་གྱི་གྲུབ་འབྲས་དང་འགལ་བའི་སྒོ་ནས་ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་བར་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་གཏོར་བརླག་བྱས་པར་སྐྱོན་འཛུགས་བྱས་པ་དང་། མང་ཚོགས་དག་སྲང་ལམ་དུ་སོང་ནས་རྔམ་སྟོན་ཁྲོམ་སྐོར་བྱེད་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།