ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་དགུའི་ཉིན་བཟོད་སྒོམ་རང་བཞིན་གྱི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཉམ་སྤྱོད་བྱེད་ཐབས་ཤིག་གཏན་འབེབས་བྱས་ཏེ། འཁྲུག་རྩོད་སྔོན་འགོག་དང་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་དགོས་པའི་སྐུལ་མ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་བཟོད་སྒོམ་རང་བཞིན་གྱི་འཕེལ་རྒྱས་དང་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ནས་དཔྱད་གླེང་བྱས་པར་མ་ཟད་ཀྲུའུ་ཞིའི་གསལ་སྒྲོག་ལ་གྲོས་འཆམ་བྱུང་། གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་དང་འཕེལ་རྒྱས་ལ་འབྲེལ་བ་ཟབ་མོ་ཡོད་པ་དང་གཅིག་ལ་གཅིག་བརྟེན་ཡིན་པར་མ་ཟད། ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པའི་གནད་འགག་ཡིན། འབྲེལ་ཡོད་ཕྱོགས་སོ་སོ་ཟབ་ཞུགས་མ་བྱས་ན་ཡུན་རིང་ཞི་བདེ་དང་འཕེལ་རྒྱས་མངོན་འགྱུར་བྱེད་ཐབས་མེད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། བཟོད་སྒོམ་རང་བཞིན་གྱི་འཕེལ་རྒྱས་ནི་འཁྲུག་རྩོད་སྔོན་འགོག་དང་ཡུན་རིང་བརྟན་འཇགས་དང་ཞི་བདེ་མངོན་འགྱུར་བྱེད་པའི་གནད་འགག་ཡིན་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་བཟོད་སྒོམ་རང་བཞིན་གྱི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཉམ་སྤྱོད་བྱེད་ཐབས་ཤིག་གཏན་འབེབས་བྱེད་དགོས་པའི་སྐུལ་མ་བཏང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཕྱོགས་སོ་སོའི་བར་འཐབ་ཇུས་གཏན་འབེབས་བྱས་ཤིང་། ཆོས་ལུགས་དང་རིགས་རྒྱུད། རིག་གནས་བཅས་བར་གྱི་གྲོས་མོལ་སྤེལ་བ་དང་། འཇིགས་སྐུལ་རིང་ལུགས་ཀྱི་དྲག་ཤུགས་ཐལ་སྤྱོད་རིང་ལུགས་ལ་ངན་སྐུལ་བྱེད་པའི་གཏམ་བཤད་མེད་པར་བྱས་ཏེ་དྲག་ཤུགས་ཐལ་སྤྱོད་རིང་ལུགས་རྒྱ་ཡན་དུ་འགྲོ་བའི་རྒྱུ་རྐྱེན་སེལ་དགོས་པའི་སྐུལ་མ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བསྟན་དོན། བསྐྱར་འཛུགས་དང་དཔལ་འབྱོར་དར་སྤེལ། ནུས་པའི་འཛུགས་སྐྲུན་བཅས་ནི་འཁྲུག་རྩོད་རྗེས་སུ་རྒྱལ་ཁབ་ལ་ཡུན་རིང་འཕེལ་རྒྱས་དང་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པའི་རྒྱུ་གཙོ་བོ་ཡིན། འཁྲུག་རྩོད་སྔོན་འགོག་དང་ཐག་གཅོད་བྱེད་པ་དང་། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། འཁྲུག་རྩོད་རྗེས་ཀྱི་འཛུགས་སྐྲུན་སོགས་ཀྱི་ཐད་ནས་བུད་མེད་དག་ལ་ཟབ་ཞུགས་ཀྱི་གོ་སྐབས་མང་དུ་སྟེར་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།