ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་སྲིད་གཞུང་གིས་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱས་པར་དམིགས་ཏེ། ཁྲའོ་ཞན་ཕྱི་དོན་པུའུ་ཡི་མགྲིན་ཚབ་པས་ཚེས་བཞིའི་ཉིན་བསྟན་དོན། དེ་ནི་ཨ་མེ་རི་ཁས་ཁྲའོ་ཞན་དགྲ་རུ་འཛིན་པའི་དོན་དངོས་མཚོན་རྟགས་ཡིན་ཞིང་། བཀག་སྡོམ་བྱེད་ཐབས་ཀྱིས་ཁྲའོ་ཞན་སེམས་ཤུགས་ཇེ་གཉོམ་དུ་གཏོང་མི་སྲིད་པ་དང་། དེ་ལས་ལྡོག་སྟེ་ཁྲའོ་ཞན་གྱིས་སྔར་ལས་བློ་བརྟན་འགྱུར་མེད་ཀྱིས་དམག་དཔུང་གི་ཆབ་སྲིད་ལམ་ཐིག་ལག་བསྟར་བྱེད་ངེས་ཡིན་ཟེར།

མགྲིན་ཚབ་པ་དེས་བཤད་རྒྱུར། ཨ་མེ་རི་ཁས་ལོ་གསར་བ་ཚེས་པའི་སྐབས་སུ་ཁྲའོ་ཞན་དགྲ་རུ་འཛིན་པའི་བྱེད་སྤྱོད་སྤེལ་བའི་དམིགས་ཡུལ་ངོ་མ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་མེ་རི་ཁའི་རྟོག་ཞིབ་མཇུག་འབྲས་ལ་དོགས་པ་ཆེར་མི་བྱེད་པར་བྱས་ཏེ། ཁྲའོ་ཞན་གྱི་རྒྱལ་སྤྱིའི་སྣང་བརྙན་ཇེ་སྡུག་ཏུ་གཏོང་བའི་ཆེད་དུ་རེད། ཨ་མེ་རི་ཁས་ཁྲའོ་ཞན་གྱིས་བཏོན་པའི་ཐུན་མོང་གི་རྟོག་ཞིབ་གྲོས་གཞི་སྣང་མེད་དུ་བསྐྱུར་བ་ལས་ཨ་མེ་རི་ཁའི་ངན་སེམས་གསལ་བོར་མངོན་ཡོད་ཟེར།

མགྲིན་ཚབ་པ་དེས་བཤད་རྒྱུར། ཨ་མེ་རི་ཁས་འོལ་ཚོད་དུ་དགྲར་འཛིན་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་བཀག་སྡོམ་སྲིད་ཇུས་སྤྱད་ན། ཁྲའོ་ཞན་གྱིས་དེ་བཞིན་དུ་དམག་དོན་ཆབ་སྲིད་རྨང་གཞིར་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་ཀྱི་ལ་རྒྱར་སྲུང་སྐྱོབ་བྱེད་པའི་འདུན་པ་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་འགྲོ་སྲིད་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་གཉིས་ཉིན་བཀའ་རྒྱ་བཏང་སྟེ། ཁྲའོ་ཞན་གྱི་དཀྲུག་འཕེན་བྱ་སྤྱོད་མང་བོ་དང་། ཁྱད་པར་དུ་སོ་ནེ་བརྙན་རིས་རོལ་རྩེད་ཀུང་ཟིའི་དྲ་རྒྱར་དཔུང་འཇུག་ཐེབས་པའི་དོན་རྐྱེན་ལ་དམིགས་ཏེ། ཨ་མེ་རི་ཁས་ཁྲའོ་ཞན་གྱི་ཚོགས་པ་གསུམ་དང་མི་སྒེར་བཅུ་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

ཁྲའོ་ཞན་གྱིས་དོན་རྐྱེན་དེར་འབྲེལ་བ་ཡོད་པ་ཁས་ལེན་མ་བྱས་ཤིང་། ཨ་མེ་རི་ཁས་ཁྲའོ་ཞན་དོན་དེའི་ལྐོག་ཏུ་ཡིབ་པའི་རྒྱབ་སྐྱོར་མཁན་ཡིན་པར་བསྙེད་འདོགས་བྱས་པའི་དོན་ལ་དགོངས་དག་ཞུ་དགོས་པའི་རེ་བ་བཏོན་པར་མ་ཟད། གྱོད་དོན་དེའི་ཐད་ནས་ཨ་མེ་རི་ཁ་དང་མཉམ་དུ་རྟོག་ཞིབ་བྱེད་རྒྱུའི་གྲོས་གཞི་བཏོན། ཉེ་བའི་དུས་སྐབས་ནང་། ཨ་མེ་རི་ཁའི་ཆེད་མཁས་པ་དང་གསར་འགྱུར་སྨྱན་བྱད་རེ་འགས་ཀྱང་ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་རྟོག་ཞིབ་ཅུའུ་ཡིས་བཏོན་པའི་སྡོམ་ཚིག་ལ་དོགས་གཞི་ཡོད་པའི་ཚུལ་བསྟན་པ་དང་། ལས་ཁུངས་དེས་འདོན་སྤྲོད་བྱས་པའི་བདེན་དཔང་ནུས་ལྡན་མིན་པར་འདོད་ཡོད།  །

 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།