ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་ཚེས་བཞིའི་ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་ནུབ་བྱང་ཕྱོགས་ཀྱི་ཝ་ཅི་ལི་སི་ཐན་བྱང་མའི་ཚོ་ཁག་ས་ཁུལ་དུ་ཉིན་དེའི་སྔ་དྲོར་ཨ་མེ་རི་ཁའི་དམག་དཔུང་གི་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བདུན་བསད་ཟེར།

བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུས་ཝ་ཅི་ལི་སི་ཐན་བྱང་མའི་ཏི་ཏཱ་ཧེ་ལེ་ས་ཁུལ་གྱི་དྲག་ཆས་ཉེས་ཅན་སྦས་སྐོང་བྱས་ཡོད་པར་དོགས་པའི་ཁང་བ་ཞིག་ལ་འཕུར་མདའ་གཉིས་འཕང་སྟེ། ཉུང་མཐར་ཡང་དྲག་ཆས་ཉེས་ཅན་བདུན་བསད། དེའི་ནང་ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་གྱི་བཀོད་འདོམ་དཔོན་པོ་ཞིག་ཡོད་ཟེར།

ཐེངས་འདིའི་བར་སྣང་འཇབ་རྒོལ་ནི་ཉིས་སྟོང་བཅོ་ལྔ་ལོའི་ཨ་མེ་རི་ཁའི་དམག་དཔུང་གི་མི་བསྡད་མེད་པའི་གནམ་གྲུས་ཕཱ་ཁི་སི་ཐན་ནས་སྤེལ་བའི་བར་སྣང་འཇབ་རྒོལ་ཐོག་མ་རེད།

ཕཱ་ཁི་སི་ཐན་གྱིས་ཐེངས་མང་བོར་ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུས་བར་སྣང་འཇབ་རྒོལ་བྱས་པའི་གནད་དོན་ཐད་ནས་ཨ་མེ་རི་ཁར་ངོ་རྒོལ་བྱས་ཀྱང་། ཨ་མེ་རི་ཁས་ཕཱ་ཁི་སི་ཐན་གྱི་བར་སྣང་འཇབ་རྒོལ་འགུལ་སྐྱོད་མཚམས་བཞག་མ་མྱོང་བ་དང་། དེ་ནི་ཕཱ་ཁི་སི་ཐན་དང་ཨ་ཧྥུའུ་ཧན་གྱི་མཐའ་མཚམས་ས་ཁུལ་དུ་སྦས་སྐོང་བྱས་ཡོད་པའི་དྲག་ཆས་ཉེས་ཅན་ཚར་གཅོད་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་པར་འདོད་ཡོད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།