当地时间1月3日,印尼海军继续在班达亚齐附近海域对失事亚航QZ8501航班客机残骸和乘客遗体进行打捞.jpg

ཟླ་དང་པོའི་ཚེས་གསུམ་ཉིན། ཧིན་རྡུ་ཉི་ཞི་ཡཱའི་མཚོ་དམག་གིས་མུ་མཐུད་དུ་པན་ཏཱ་ཡཱ་ཆི་ཉེ་འདབས་ཀྱི་མཚོ་ཁོངས་ནས་ཆག་སྒོ་བྱུང་བའི་ཨེ་ཤ་ཡཱའི་མཁའ་འགྲུལ་ཀུང་ཟིའི་གནམ་གྲུ་གཏོང་ཐེངསQZ8501ཀྱི་གནམ་གྲུའི་ཆག་རོ་དང་འགྲུལ་བའི་བེམ་པོ་ཆུ་ཁར་ལེན་བཞིན་ཡོད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧིན་རྡུ་ཉི་ཞི་ཡཱའི་རྒུད་སྐྱོབ་ལྟེ་གནས་ཀྱིས་ཚེས་བཞི་ཉིན་ཆག་སྒོ་བྱུང་བའི་འགྲུལ་སྐྱེལ་གནམ་གྲུའི་རྒུད་སྐྱོབ་འགུལ་སྐྱོད་ཐད་ནས་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། སྔོག་བཤེར་རུ་ཁག་གིས་ཡང་བསྐྱར་བེམ་པོ་གཅིག་ཆུ་ཁར་བླངས་པ་དང་། མིག་སྔའི་བར་བསྡོམས་པས་བེམ་པོ་སོ་གཅིག་ཆུ་ཁར་བླངས་ཡོད་ཟེར།

    སིང་ག་ཕོར་གྱི་རྒྱལ་སྲུང་པུའུ་ཡིས་བསྒྲགས་པ་ལྟར་ན། བེམ་པོ་དེ་ནི་སིང་ག་ཕོར་གྱི་རྒྱུན་འཁྱོངས་རྟགས་ཅན་གྱི་གྲུ་གཟིངས་སྟེང་གི་མི་སྣས་ཉིན་དེའི་དུས་ཚོད་བདུན་དང་སྐར་མ་ང་བརྒྱད་སྟེང་རྙེད་པ་དང་། དུས་ཚོད་བརྒྱད་དང་སྐར་མ་ཞེ་དྲུག་སྟེང་གྲུའི་སྟེང་དུ་བླངས་པ་ཡིན་ལ། མིག་སྔར་ད་རུང་འདས་པོ་དེའི་ཐོབ་ཐང་གསལ་བོར་མི་ཤེས་ཟེར།

    ཧིན་རྡུ་ཉི་ཞི་ཡཱའི་ཕྱོགས་ཀྱིས་ཁྱབ་སྒྲོག་ཚོགས་འདུའི་སྟེང་ད་རུང་བསྟན་དོན། རྒྱ་མཚོའི་བཞུར་རྒྱུན་དུ་བསྟུན་ནས་རྒུད་སྐྱོབ་ས་ཁོངས་ཀྱང་ཤར་དུ་འགུལ་སྐྱོད་བྱེད་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།