ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རུ་ཝང་ཏཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་གསུམ་ཉིན་བདེན་དཔང་བྱས་དོན། རྒྱལ་ས་ཅི་ཅཱ་ལེ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་བཅུ་ཡོད་པའི་ནེ་ཡཱ་པཱ་ལུང་ཀི་གཙང་བརྒྱུད་ནས་ཉིན་དེར་གྲུ་གཟིངས་གཙང་བོར་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཉིས་གར་སོང་མ་རྙེད།

རུ་ཝང་ཏཱའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཐི་ཝཱ་ལི་ཝ་ཡིས་མཚམས་སྦྱོར་བྱས་དོན། སྐབས་ཐོག་དེར་གྲུ་གཟིངས་སྟེང་འགྲུལ་བ་སུམ་ཅུ་ཡོད་པ་དང་། གར་སོང་མ་རྙེད་པའི་མིའི་ཁྲོད་གྲུ་བདག་གི་བྱིས་པ་བཞི་ཡོད་ལ། རྒུད་སྐྱོབ་མི་སྣས་སྔོག་བཤེར་བྱེད་བཞིན་ཡོད་ཟེར།

རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། གྲུ་གཟིངས་དེའི་སྟེང་འགྲུལ་བས་སྲོག་སྐྱོབ་ལྭ་བ་གོན་མེད་པ་དང་། གྲུ་གཟིངས་དེ་གཙང་བོར་བགྲོད་སྐབས་སྡོང་ཆེན་ཞིག་ལ་ཐོ་བརྒྱབ་སྟེ་གྲུ་གཟིངས་ལ་གཏོར་བརླག་ཐེབས་ཏེ། གྲུ་གཟིངས་དོ་མཉམ་མ་ཡོང་བར་གཙང་བོར་ནུབ་པ་རེད། ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ད་ལྟ་ད་རུང་གཙང་བོར་ནུབ་པའི་གྲུ་གཟིངས་སྟེང་འགྲུལ་བ་ག་ཚོད་ཡོད་པ་གསལ་བོར་མི་ཤེས་ཀྱང་། གྲུ་གཟིངས་དེ་ཐེག་ཚད་ལས་བརྒལ་བ་ཁོ་ཐག་རེད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།