ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་དཔོན་ཕྱོགས་ཀྱིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། ཨེ་ཅིབ་ཀྱི་ཁི་ཕུའུ་ཐིའི་མི་བཅུ་གསུམ་ཉིན་དེར་ལི་པུ་ཡཱའི་སུའུ་ཨར་ཐི་གྲོང་ཁྱེར་ནས་དྲག་ཆས་ཉེས་ཅན་གྱིས་བཙན་ཁྲིད་བྱས་ཟེར།

བསྒྲགས་པ་ལྟར་ན། ཨེ་ཅིབ་ཀྱི་ཁི་ཕུའུ་ཐིའི་མི་བཅུ་གསུམ་པོ་དེ་ངལ་རྩོལ་བཟོ་བ་ཡིན་པ་དང་། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་སྐོར་ཞིག་ཚེས་གསུམ་ཉིན་གྱི་ཞོགས་པར་སུའུ་ཨར་ཐི་གྲོང་ཁྱེར་གྱི་སྡོད་དམངས་ཐོག་ཁང་ཞིག་ཏུ་སོང་ནས་མི་དེ་དག་བཙན་ཁྲིད་བྱས་པར་མ་ཟད། ཁོ་ཚོ་ས་གནས་གཞན་ཞིག་ཏུ་ཁྲིད་པ་རེད། བསྒྲགས་པའི་གནས་ཚུལ་ལས་མི་བཅུ་གསུམ་པོ་དེའི་མིང་ཁྱབ་སྒྲོག་བྱས་ཡོད།

ཉིས་སྟོང་བཅུ་བཞི་ལོའི་ཟླ་བདུན་པར་ལི་པུ་ཡཱའི་འཁྲུག་རྩོད་ཛ་དྲག་ཏུ་གྱུར་བའི་ཚུན་ལ། རྒྱལ་ནང་གི་བདེ་འཇགས་གནས་བབ་ཇེ་སྡུག་ཏུ་སོང་བ་དང་། ཐལ་སྤྱོད་ཉེས་ཅན་གྱིས་ཕྱི་རྒྱལ་གྱི་མི་གཏའ་བཙན་ཁྲིད་བྱེད་ཚད་ཇེ་མང་དུ་སོང་ཡོད། གཟའ་འཁོར་གཅིག་གི་སྔོན་ཏག་ཏག་ལ་ཨེ་ཅིབ་ཀྱི་ཁི་ཕུའུ་ཐིའི་མི་བདུན་སུའུ་ཨར་ཐི་ནས་བཙན་ཁྲིད་བྱས་པ་དང་། གཞན་ཡང་ཁི་ཕུའུ་ཐིའི་མི་གསུམ་སུའུ་ཨར་ཐི་ནས་དམར་གསོད་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།