མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལི་པུ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྲུང་གོའི་སྤྱི་དམངས་ལི་པུ་ཡཱ་རུ་འགྲོ་མི་རུང་བའི་གསལ་འདེབས་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-29 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས་ཉེར་བརྒྱད་ཉིན་བདེ་འཇགས་དྲན་སྐུལ་བྱས་ཏེ། ལི་པུ་ཡཱའི་འཁྲུག་རྩོད་མུ་མཐུད་དུ་འབྱུང་བཞིན་ཡོད་པ་དང་། ས་ཁུལ་མང་བོར་དྲག་ཆས་འཁྲུག་རྩོད་བྱུང་ཡོད་ལ། སྣུམ་ཞིང་དང་གྲུ་ཁ་སོགས་སྒྲིག་ཆས་གལ་ཆེན་གྱི་ཕྱོགས་སུ་མཆེད་བཞིན་ཡོད་པས། གཞུང་ཚབ་ཁང་གིས་ཀྲུང་གོའི་སྤྱི་དམངས་དག་ལི་པུ་ཡཱ་རུ་འགྲོ་མི་རུང་བ་དང་། ལི་པུ་ཡཱ་རུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱང་སྔ་མོ་ནས་ཕྱིར་འཐེན་བྱེད་དགོས་པའི་གསལ་འདེབས་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག