མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིངས་རྩ་འཛུགས་ཀྱིས་ཨ་ཧྥུའུ་ཧན་གྱི་འཐབ་འཛིང་ལས་འགན་མཇུག་སྒྲིལ་བ་ཁྱབ་སྒྲོག་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-29 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཀྱི་དཔོན་རིགས་ཀྱིས་ཚེས་ཉེར་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཨ་ཧྥུའུ་ཧན་རྒྱལ་སྤྱིའི་བདེ་འཇགས་ལས་རོགས་དམག་དཔུང་གི་ཨ་ཧྥུའུ་ཧན་གྱི་འཐབ་འཛིང་ལས་འགན་ཉིན་དེར་དངོས་སུ་མཇུག་སྒྲིལ་ཟེར།

ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་སྤྱིའི་བདེ་འཇགས་རོགས་སྐྱོར་དམག་དཔུང་གི་དམག་སྤྱི་ཁན་པེ་ཨར་གྱིས་ཉིན་དེར་དམག་དཔུང་ནང་ཁུལ་ནས་སྤེལ་བའི་མཛད་སྒོ་ཞིག་གི་སྟེང་བཤད་རྒྱུར། ཨ་ཧྥུའུ་ཧན་རྒྱལ་ཁབ་བདེ་འཇགས་དམག་དཔུང་གིས་ཨ་ཧྥུའུ་ཧན་མངའ་ཁོངས་ཀྱི་འགོག་སྲུང་ལས་འགན་ཡོད་ཚད་ཀྱི་འགན་ཁུར་རྒྱུ་ཡིན་ཟེར། ཁོས་ད་རུང་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་གིས་ཨ་ཧྥུའུ་ཧན་གྱི་འཐབ་འཛིང་ལས་འགན་མཇུག་སྒྲིལ་ཡང་ཁ་འབྲལ་མི་སྲིད་ལ། མུ་མཐུད་དུ་ཨ་ཧྥུའུ་ཧན་ལ་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལྟར་ན། ཨ་ཧྥུའུ་ཧན་དུ་སྡོད་པའི་རྒྱལ་སྤྱིའི་བདེ་འཇགས་རོགས་སྐྱོར་དམག་དཔུང་གི་འགན་ཡུན་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་མཇུག་སྒྲིལ་བ་དང་། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཟླ་འདིའི་ཚེས་གཅིག་ཉིན་པུའུ་ལུའུ་སེར་ནས་བསྟན་དོན། ཚབ་མིང་ལ་བློ་བརྟན་འགྱུར་མེད་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱི་ཨ་ཧྥུའུ་ཧན་གྱི་འཐབ་འཛིང་མ་ཡིན་པའི་ལས་འགན་ལ་རྒྱབ་སྐྱོར་བྱེད་ཅེས་པའི་བྱ་འགུལ་དེ་ཉིས་སྟོང་བཅོ་ལྔ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་དངོས་སུ་མགོ་རྩོམ་རྒྱུ་ཡིན་པ་དང་། དེའི་ལས་འགན་གཙོ་བོ་ནི་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་གསོ་སྦྱོང་དང་བློ་འདྲི། རོགས་འདེགས་བཅས་བྱེད་པའི་ཆེད་དུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག