མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གི་ཙུང་ལི་ཡིས་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་དག་གིས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-29 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་ཀྱིས་ཚེས་ཉེར་བརྒྱད་ཉིན་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་དག་གིས་མཉམ་ལས་ལ་སྔར་ལས་ཤུགས་སྣོན་བྱས་ཏེ། མཉམ་དུ་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ཁྱད་སེལ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་པཱ་ཏིས་ཀྱིས་ཉིན་དེར་པཱ་ཀ་ཏཱ་ནས་འཚམས་འདྲིར་ཡོང་བའི་ཁི་ཝེ་ཐིའི་དབུ་བཞུགས་བློན་ཆེན་གཞོན་པ་དང་པོ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་སཱ་པཱ་ཧི་ལ་ཐུག་འཕྲད་བྱས། དབྱི་རག་ཙུང་ལིའི་གཞུང་སྒྲུབ་ཁང་གིས་དེའི་རྗེས་གསལ་སྒྲོག་སྤེལ་ཏེ། ཨ་པཱ་ཏིས་ཀྱིས་གྲོས་མོལ་བྱེད་སྐབས་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་སོ་སོས་ཐུན་མོང་གི་ཁེ་ཕན་ལ་དམིགས་ཏེ་མཉམ་ལས་ལ་སྔར་ལས་ཤུགས་སྣོན་བྱེད་པ་ནི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་པ་དང་། འཇིགས་སྐུལ་རིང་ལུགས་དང་ཐལ་སྤྱོད་རིང་ལུགས་ཀྱི་འཇིགས་ཉེན་སེལ་བར་ཕན་ཐོགས་ཡོད་ཟེར།

སཱ་པཱ་ཧི་ཡིས་བསྟན་དོན། དབྱི་རག་ནི་ས་ཁུལ་བརྟན་འཇགས་ཀྱི་རྨང་རྡོ་ལྟ་བུ་ཡིན་པ་དང་། ཁི་ཝེ་ཐི་ཡིས་ཕྱོགས་གཉིས་ཀྱིས་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་མཉམ་དུ་འཇིགས་ཉེན་སྣ་ཚོགས་ཁྱད་སེལ་བྱེད་པར་རྣམ་དག་གིས་རེ་བ་བཅངས་ཡོད་ཟེར།

དབྱི་རག་གི་ཙུང་ཐུང་མཱ་སུའུ་མུའུ་ཡིས་ཀྱང་ཉིན་དེར་སཱ་པཱ་ཧི་ལ་ཐུག་འཕྲད་བྱས། དེའི་རྗེས་སུ་དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཅཱ་ཧྥ་ལི་དང་སཱ་པཱ་ཧི་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཐག་གཅོད་བྱས་མེད་པའི་གནད་དོན་ཐག་གཅོད་པར་གྲོས་བསྡུར་བྱས། ཅཱ་ཧྥ་ལི་ཡིས་གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁི་ཝེ་ཐི་ཡིས་དུས་ཡུན་རིང་བོར་རྒྱལ་ཁབ་སོ་སོ་དང་། ཁྱད་པར་དུ་ཉེ་བའི་དུས་སྐབས་སུ་དབྱི་རག་གི་བདེ་འཇགས་སྟོབས་ཤུགས་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་འབད་བརྩོན་བྱས་པར་བཀའ་དྲིན་ཞུས།

སཱ་པཱ་ཧི་ཡིས་ཁི་ཝེ་ཐི་ཡིས་དབྱི་རག་གིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས། སཱ་པཱ་ཧི་ཡིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཉིན་དེའི་གྲོས་མོལ་སྐབས་མཉམ་ལས་གྲོས་མཐུན་དང་བཟོད་སྒོམ་བརྗེད་ཐོ་རབ་དང་རིམ་པ་བཀོད་དེ། རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་གྲོས་མཐུན་དང་བཟོད་སྒོམ་བརྗེད་ཐོ་སྣ་ཞེ་ལྔ་ལྷག་ལ་བསླེབ་ཡོད་པ་དང་། གྲོས་མཐུན་ལྟར་ན། ཁི་ཝེ་ཐི་ཡིས་དབྱི་རག་ལྷོ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་པཱ་ཧྲི་ལཱ་དང་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཨེ་ཨར་པུས་ལེ་ནས་གཞུང་ཚབ་ཁང་འཛུགས་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག