མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་ཏི་ཁི་སཱ་སི་ཀྲིག་གི་རྒན་པའི་སྤྱི་ཤག་ལ་མེ་སྐྱོན་བྱུང་སྟེ་མི་ལྔ་རྐྱེན་ལམ་དུ་ཤོར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-29 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཏི་ཁི་སཱ་སི་ཀྲིག་ལྷོ་ཕྱོགས་ཀྱི་ཧྲིན་ཨན་ཏུང་ནེ་ཨོ་གྲོང་ཁྱེར་ཉེ་འདབས་ཀྱི་ཁཱ་སི་ཨར་རི་བོར་ཡོད་པའི་རྒན་པའི་སྤྱི་ཤག་ཅིག་ལ་ཚེས་ཉེར་བརྒྱད་ཉིན་གྱི་ཞོགས་པར་མེ་སྐྱོན་བྱུང་སྟེ། མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཅིག་སྨན་ཁང་དུ་བསྡད། དེའི་ནང་ཉུང་མཐར་ཡང་མི་གཅིག་གི་རྨས་སྐྱོན་ཧ་ཅང་ཚབས་ཆེན་རེད། ས་དེའི་མེ་གསོད་སྡེ་ཁག་གིས་བསྟན་དོན། མེ་བསད་ཡོད་ཀྱང་མེ་སྐྱོན་དེའི་འབྱུང་རྐྱེན་གསལ་བོར་མི་ཤེས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག