མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ཐཱ་ལེའི་གྲུ་གཟིངས་ལ་མེ་སྐྱོན་བྱུང་སྟེ་མི་གཅིག་རྐྱེན་ལམ་དུ་ཤོར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-29 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ལཱའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གི་དཔོན་རིགས་ཀྱིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། ཉིན་དེའི་ཞོགས་པར་རྒྱལ་ཁབ་དེའི་ཁི་ཧྥུའུ་གླིང་ཕྲན་ཉེ་འདབས་ཀྱི་མཚོ་ཁོངས་སུ་བྱུང་བའི་དབྱི་ཐཱ་ལེའི་གྲུ་གཟིངས་ལ་མེ་སྐྱོན་བྱུང་བའི་དོན་རྐྱེན་ཁྲོད་མི་གཅིག་རྐྱེན་ལམ་དུ་ཤོར། གྲུ་གཟིངས་སྟེང་མི་བཞི་བརྒྱ་དང་དོན་བརྒྱད་ཁྲོད་མི་བརྒྱ་དང་ལྔ་བཅུ་ལྷག་བསྐྱབས། མིག་སྔར་ད་རུང་ཤི་བོའི་རྒྱལ་ཁབ་དང་ཤི་རྐྱེན་ཅི་ཡིན་གསལ་བོར་མི་ཤེས་ཟེར། དབྱི་ཐཱ་ལེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་བཤད་རྒྱུར། གྲུ་གཟིངས་ཀྱི་འགྲུལ་བའི་མིང་ཐོའི་ཁྲོད་ཀྲུང་གོའི་སྤྱི་དམངས་མེད་ཟེར། མཚོ་ཁོངས་སུ་ཚད་རིམ་བརྒྱད་ནས་དགུའི་རླུང་ཆེན་གཡུག་པའི་དབང་གིས་གྲུ་གཟིངས་བགྲོད་དཀའ་བས་གྲུ་གཟིངས་སྟེང་མི་སུམ་བརྒྱ་ཙམ་ཡོད་པའི་རྒུད་སྐྱོབ་འགུལ་སྐྱོད་ལ་དཀའ་ཁག་ཆེན་པོ་བྱུང་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག