མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥེ་རི་ཁ་ལྷོ་མས་མན་ཏི་ལཱ་སྐུ་གཤེགས་ནས་ལོ་འཁོར་གཅིག་འགོར་བར་རྗེས་དྲན་བྱེད་པའི་བྱ་འགུལ་སྤེལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-06 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་ལྷོ་མའི་ལས་རིགས་སོ་སོས་ཚེས་ལྔ་ཉིན་རྒྱལ་ས་པུས་ལེ་ཐའོ་ལེ་ཡཱ་ནས་གསོལ་འདེབས་དང་བསྟོད་བསྔགས། མྱ་ངན་ཞུ་བ་སོགས་ཀྱི་ཐབས་ལ་བརྟེན་ནས་རིགས་རྒྱུད་ཁ་ཁར་བྱེད་པར་ངོ་རྒོལ་བྱེད་པའི་དཔའ་བོ་མན་ཏི་ལཱ་སྐུ་གཤེགས་ནས་ལོ་འཁོར་གཅིག་འགོར་བར་རྗེས་དྲན་བྱས།

མི་རྣམས་ཀྱིས་མན་ཏི་ལཱའི་སྐུ་བརྙན་གྱི་མདུན་དུ་མེ་ཏོག་གི་ཕྲེང་བ་ཕུལ། ཁོའི་ལྕམ་མོ་མཱ་ཞེ་ཨར་གྱིས་བཤད་རྒྱུར། མན་ཏི་ལཱའི་སྙིང་སྟོབས་ཤུལ་བཞག་དེ་རྒྱལ་ཁབ་གང་རུང་ལ་དབང་པ་མ་ཡིན་ཞིང་། མི་སུ་ཡིན་ཡང་ཁོའི་དགེ་སེམས་དང་བཟོད་སྒོམ་ལ་བརྟེན་ནས་འཛམ་གླིང་ལ་བྱས་རྗེས་བཞག་ཆོག་ཟེར།

ཨ་ཧྥེ་རི་ཁ་ལྷོ་མའི་ཚན་རྩལ་པུའུ་ཀྲང་ཕན་ཏའོ་ཨར་གྱིས་བསྟན་དོན། མན་ཏི་ལཱ་ཡིས་རིགས་རྒྱུད་ཁ་ཁར་བྱེད་པའི་ལམ་ལུགས་མཇུག་སྒྲིལ་དུ་བཅུག་པ་དང་། སྤྱི་ཚོགས་གསར་བའི་རྨང་གཞི་བཏང་སྟེ་མ་འོངས་པར་རེ་བས་ཁེངས་པར་བྱས་ཟེར།

ཨ་ཧྥེ་རི་ཁ་ལྷོ་མའི་བཟོ་ཚོགས་མཉམ་འབྲེལ་ཚོགས་པའི་མགྲིན་ཚབ་པ་ཁི་ལོས་ཝུན་གྱིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཉིན་དེ་ནི་མན་ཏི་ལཱའི་རླབས་ཆེ་བའི་མི་ཚེ་ལ་རྗེས་དྲན་བྱེད་དགོས། ཁོས་ཨ་ཧྥེ་རི་ཁ་ལྷོ་མར་བྱས་རྗེས་ཆེན་པོ་བཞག་ཡོད་པ་དང་། ང་ཚོས་རང་དབང་གི་རྩ་ཁྲིམས་མངོན་འགྱུར་བྱེད་པའི་དམ་བཅའི་ཆེད་དུ་འབད་འཐབ་བྱེད་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག