མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གསར་བའི་མིང་བཏོན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-06 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་ལྔ་ཉིན་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་སྔོན་ཆད་ཀྱི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཁཱ་ཐི་དེ་རྒྱལ་སྲུང་བློན་ཆེན་གསར་བར་དངོས་སུ་མིང་བཏོན། གལ་ཏེ་དོན་དེར་གྲོས་ཞུགས་ཁང་གི་ཆོག་མཆན་ཐོབ་ན། ཁཱ་ཐི་ནི་ཀའེ་ཚི་དང་ཕཱ་ནེ་ཐཱ། ཧཱ་ཀིར་བཅས་རྗེས་ཀྱི་ཨ་པཱ་མཱའི་འགན་ཡུན་ནང་གི་རྒྱལ་སྲུང་བློན་ཆེན་བཞི་བར་འགྱུར་ངེས་རེད།

ཟླ་སྔོན་མའི་ཚེས་ཉེར་བཞིའི་ཉིན་ཨོ་པཱ་མཱ་ཡིས་ཧཱ་ཀིར་གྱི་ལས་ཁུར་དགོངས་ཞུ་དང་ལེན་བྱེད་རྒྱུ་ཁྱབ་སྒྲོག་བྱས། གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཁཱ་ཐིའི་མིང་མ་བཏོན་གོང་། ཨོ་པཱ་མཱའི་རྒྱལ་སྲུང་བློན་ཆེན་གསར་བའི་འདེམ་སྒུག་མི་སྣར་ད་ལྟའི་རྒྱལ་སྲུང་བློན་ཆེན་གཞོན་པ་བོ་ཁི་དང་སྔོན་ཆད་ཀྱི་རྒྱལ་སྲུང་བློན་ཆེན་གཞོན་པ་ཧྥེ་ལུའུ་ནོའུ་ཝ། ལོ་ཏི་ཏའོ་ཀྲིག་གི་གྲོས་ཞུགས་ཁང་གི་གྲོས་མི་ལིས་ཏི་སོགས་ཡོད་ཀྱང་། ཨོ་པཱ་མཱའི་མགོ་ཁྲིད་ཁྱད་ཆོས་དང་ཨ་མེ་རི་ཁའི་དམག་ཕྱོགས་ལ་ཐེབས་པའི་ཕྱི་ནང་གི་གནོན་ཤུགས་དབང་གིས་འདེམ་སྒུག་མི་སྣ་མང་བོས་ཨོ་པཱ་མཱ་ལ་ལས་འགན་དེ་ཁུར་འདོད་མེད་པའི་བསམ་ཚུལ་མངོན་གསལ་དུ་བསྟན་པ་རེད།

དབྱེ་ཞིབ་མི་སྣས་བལྟས་ན། ཁཱ་ཐི་ལ་དམག་དོན་དང་ཕྱི་འབྲེལ་སྲིད་ཇུས་ཐད་ནས་ཨོ་པཱ་མཱ་དང་གཅིག་མཐུན་གྱི་གནས་མང་བོ་ཡོད་པ་དང་། ཞོར་དུ་ཁོས་ཀྱང་དྲ་རྒྱའི་བདེ་འཇགས་དང་གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་པ་སོགས་གནད་དོན་ལ་ལྷག་ཏུ་མཐོང་ཆེན་བྱེད་པ་རེད་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག