མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཁུན་ནེ་ཡཱའི་ཙུང་ཐུང་གི་སྐྱོན་འཛུགས་མེད་པར་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-06 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཞིབ་དཔྱོད་དཔོན་པོས་ཚེས་ལྔ་ཉིན་ཁྱབ་སྒྲོག་བྱས་དོན། ཁུན་ནེ་ཡཱའི་ཙུང་ཐུང་ཁུན་ཡཱ་ཐཱ་ཡི་མིའི་རིགས་ལ་རྒོལ་བའི་ནག་ཉེས་ཀྱི་སྐྱོན་འཛུགས་མེད་པར་བཏང་།

ཚེས་གསུམ་ཉིན་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཞིབ་དཔྱོད་ཕྱོགས་ཀྱིས་བཏོན་པའི་ཁུན་ཡཱ་ཐཱའི་གྱོད་དོན་ལ་གྲོས་ཞིབ་བྱེད་པའི་ཡུན་ཚད་ཡང་བསྐྱར་ཇེ་རིང་དུ་གཏོང་བའི་རེ་འདོད་དང་ལེན་མ་བྱས་པ་དང་། ཞིབ་དཔྱོད་ཕྱོགས་ཀྱིས་གཟའ་འཁོར་གཅིག་གི་ནང་བདེན་དཔང་ལ་ངོས་ལེན་བྱས་ཏེ་གྲོས་ཞིབ་ཀྱི་འཕེལ་རིམ་དུ་ཞུགས་པའམ་ཡང་ན་སྐྱོན་འཛུགས་མེད་པར་གཏོང་དགོས་པའི་རེ་བ་བཏོན།

ཞིབ་དཔྱོད་དཔོན་པོ་པན་སུའུ་ཏཱ་ཡིས་བཤད་རྒྱུར། ཞིབ་དཔྱོད་ཕྱོགས་འགྲན་རྩོད་ཚབས་ཆེན་མང་བོར་འཕྲད་ཡོད་པ་དང་། མིག་སྔར་ད་རུང་ཉིས་སྟོང་བདུན་ལོའི་ལོ་མཇུག་ནས་ཉིས་སྟོང་བརྒྱད་ལོའི་ལོ་སྟོད་བར་ཁུན་ནེ་ཡཱའི་འདེམ་བསྐོའི་རྗེས་ཀྱི་རྒྱལ་ཡོངས་རང་བཞིན་གྱི་དྲག་ཤུགས་དོན་རྐྱེན་ཀྱི་འབྲེལ་ཡོད་རྒྱུ་ཆ་ཡོད་ཚད་ལག་སོན་བྱུང་མེད་ཟེར།

ཉིས་སྟོང་བཅུ་གཉིས་ལོར། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་དམར་གསོད་དང་བཙན་གྱིས་མཐར་སྐྲོད་བཏང་བ། གནོད་སྐྱེལ་བ་སོགས་མིའི་རིགས་ལ་རྒོལ་བའི་ནག་ཉེས་ཀྱིས་ཁུན་ཡཱ་ཐཱ་ཞུ་གཏུག་བྱས་པ་དང་། ཁོས་ཉིས་སྟོང་བདུན་ལོའི་འདེམ་བསྐོ་ཆེན་མོའི་དྲག་ཤུགས་དོན་རྐྱེན་ལ་ལྐོག་ནས་བཀོད་སྒྲིག་བྱས་ཏེ། མི་སྟོང་གཅིག་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་འབུམ་གསུམ་དང་ཁྲི་ལྔ་ཙམ་ལ་འགྲོ་སའི་ཁྱིམ་མེད་པར་གྱུར། ཁུན་ཡཱ་ཐཱ་ཡིས་གོང་གི་སྐྱོན་འཛུགས་དེ་དག་གཏན་ནས་ཁས་ལེན་མ་བྱས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག