མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལྗར་པན་གྱི་རང་དབང་དམངས་གཙོ་ཏང་ལ་འདེམས་བསྐོ་ཆེན་མོའི་ནང་བཟང་ཆ་མངོན་གསལ་དོད་པོ་ལྡན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-12-05 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྗར་པན་གྲོས་ཚོགས་སྨད་པའི་འདེམས་བསྐོ་འགོ་ཚུགས་པར་ཉིན་བཅུ་ལས་མེད་པ་དང་། ལྗར་ཕན་གྱི་མཚམས་སྦྱོར་ལས་རིགས་མང་པོས་སྤྱི་ཚེས4ཉིན་ཡོངས་བསྒྲགས་བྱས་པའི་དམངས་འདོད་བརྟག་དཔྱད་ལས་གསལ་བར། སྲིད་འཛིན་བྱེད་མཁན་རང་དབང་དམངས་གཙོ་ཏང་ལ་རྒྱལ་ཁ་ཐོབ་པའི་བཟང་ཆ་མངོན་གསལ་དོད་པ་དང་། ངོ་རྒོལ་ཏང་གི་སྟོབས་ཤུགས་ཁ་ཐོར་དུ་གནས་དྲགས་པས་དེས་རང་དབང་དམངས་གཙོ་ཏང་ལ་ངོ་བོའི་ཐོག་གི་ཉེན་ཁ་བཟོ་ཐབས་མེད་པ་རེད། ཞོགས་པའི་ཉི་གཞོན་གསར་འགྱུར་ཞེས་པའི་ཐོག་ཡོངས་བསྒྲགས་བྱས་པའི་དམངས་འདོད་བརྟག་དཔྱད་ལས་གསལ་བར། རང་དབང་དམངས་གཙོ་ཏང་ལ་གདན་ཐོབ་རག་ཚད300ནས་བརྒལ་བཟོ་ཡོད་པ་དང་། རང་དབང་དམངས་གཙོ་ཏང་དང་ཀུང་མིན་ཏང་ལས་གྲུབ་པའི་སྲིད་འཛིན་མནའ་འབྲེལ་གྱིས་གྲོས་ཚོགས་སྨད་པའི་གདན་ཐོབ་ཀྱི་གསུམ་ཆ་གཉིས་ཡན་ཟིན་གྱི་ཡོད་པ་རེད།

དེ་དང་བསྡུར་ཚེ། ངོ་རྒོལ་ཏང་གཙོ་བོ་དཀའ་ཉེན་ཁྲོད་ལྷུང་ཡོད་ཅིང་། རང་དབང་དམངས་གཙོ་དང་ཀུང་མིན་ཏང་ལས་གྲུབ་པའི་སྲིད་འཛིན་མནའ་འབྲེལ་ལས་རྣམ་པར་རྒྱལ་ཐུབ་བཟོ་མེད་པ་རེད།

ལྗར་ཕན་གྱི་སྐབས47པའི་གྲོས་ཚོགས་སྨད་པའི་འདེམས་བསྐོ་སྤྱི་ཟླ12པའི་ཚེས14ཉིན་འཕེན་ཤོག་དབྱུག་རྒྱུ་ཡིན་པ་དང་། གདན་ཐོབ་ཕྱེད་ཀ་ཡན་རག་པའི་སྲིད་འཛིན་ཏང་ངམ་སྲིད་ཏང་མནའ་འབྲེལ་གྱིས་སྐབས་གསར་པའི་གྲོས་ཚོགས་སྨད་པའི་ནང་དབུ་ཞུགས་བློན་ཆེན་མིང་འདོན་འོས་སྦྱོར་བྱས་ཏེ་ནང་བློན་ཁང་འཛུགས་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག