མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་རྒྱལ་ཚོགས་དང་མཉམ་དུ་ཁྲལ་བསྡུའི་ཉོ་ཚོང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པའི་བྱེད་ཐབས་འཚོལ་ཞིབ་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-05 11:08

12月3日,美国奥巴马在总部位于华盛顿的“商业圆桌会议”发表讲话。.jpg

ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཝ་ཧྲིན་ཏོན་དུ་ཡོད་པའི་ཚོང་ལས་སྒོར་ཅོག་གྲོས་ཚོགས་སྟེང་གཏམ་བཤད་སྤེལ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཉིན་དེར་སྤྱི་ཁྱབ་པུའུ་ཝ་ཧྲིན་ཏོན་དུ་གནས་པའི་ཚོང་ལས་སྒོར་ཅོག་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ལོ་ངོ་གཉིས་ཀྱི་ཙུང་ཐུང་གི་འགན་ཡུན་ནང་རྒྱལ་ཚོགས་དང་མཉམ་དུ་ཁྲག་བསྡུའི་བཅོས་བསྒྱུར་དང་ཉོ་ཚོང་སྲིད་ཇུས། རྨང་གཞིའི་སྒྲིག་ཆས་དངུལ་གཏོང་། སྡོད་དམངས་བཅོས་བསྒྱུར་བཅས་ཁྱབ་ཁོངས་བཞི་ནས་མཉམ་ལས་ལ་ཤུགས་སྣོན་པའི་བྱེད་ཐབས་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར། ཚོང་ལས་ཀྱི་སྒོར་ཅོག་གྲོས་ཚོགས་ནི་ཨ་མེ་རི་ཁའི་མིང་དུ་གྲགས་པའི་ཚོང་ལས་ལས་རིགས་ཀྱི་རྩ་འཛུགས་ཤིག་ཡིན་པ་དང་། པའོ་ཡུན་དང་ཁི་ཁུག་ཁི་ལི། ཧྭ་ཆི་སོགས་ཨ་མེ་རི་ཁའི་ཁེ་ལས་ཆེ་གྲས་མང་བོའི་དབུ་བཞུགས་ལག་བསྟར་དཔོན་པོས་རྩ་འཛུགས་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག