མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་དབྱི་སི་རལ་གྱིས་ཉིང་རྡུལ་མཚོན་ཆ་བསྐྱུར་དགོས་པའི་རེ་བ་བཏོན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-04 14:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་ཚེས་གཉིས་ཉིན་ཨ་རབ་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཐོབ་པའི་གྲོས་ཆོད་ཅིག་ལ་གྲོས་མཐུན་བཀོད་དེ། དབྱི་སི་རལ་གྱིས་ཉིང་རྡུལ་ནུས་པའི་མཚོན་ཆ་བསྐྱུར་དགོས་པར་མ་ཟད། ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་རྒྱལ་སྤྱིའི་ལྟ་རྟོག་ཐོབ་ཏུ་འཇུག་དགོས་པའི་རེ་བ་བཏོན།

གྲོས་ཆོད་དེར་འདེམ་ཤོག་བརྒྱ་དང་རེ་གཅིག་འཐད་པ་བྱུང་བ་དང་། འདེམ་ཤོག་ལྔས་ངོ་རྒོལ་བྱེད་པའི་མཇུག་འབྲས་ཀྱིས་གྲོས་འཆམ་བྱུང་བ་རེད།

གྲོས་ཆོད་ལས་བསྟན་དོན། དབྱི་སི་རལ་ནི་ཉིང་རྡུལ་ནུས་པའི་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་ནང་ཞུགས་མེད་པའི་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་གཅིག་པུ་ཡིན་པ་དང་། མྱུར་དུ་ཆིངས་ཡིག་དེར་ཞུགས་ཏེ། ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་དང་ཐོན་སྐྱེད། ཚོད་ལྟ། ཉོ་བསྡུ་བཅས་བྱེད་མི་རུང་ཟེར།

དེ་ལས་གཞན་བཅའ་ཁྲིམས་ཀྱི་ཚད་བཀག་མེད་པའི་གྲོས་ཆོད་དེ་ལས་ད་རུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་སྤེལ་ཏེ། དབུས་ཤར་ས་ཁུལ་གྱི་ཉིང་རྡུལ་མཚོན་ཆ་མེད་པའི་ས་ཁུལ་འཛུགས་དགོས་པའི་འབོད་སྐུལ་བཏང་།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་བལྟས་ན། དབྱི་སི་རལ་ལ་ཉིང་རྡུལ་ནུས་པའི་མཚོན་ཆ་ཡོད་པ་རེད།

ཡིན་ཡང་གནད་དོན་དེའི་ཐད་ནས་དབྱི་སི་རལ་གྱིས་ནམ་རྒྱུན་ཡོད་མེད་ཀྱི་ཁ་ཚོན་མི་གཅོད་པའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག