མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་ནེ་ཚི་ཁི་དམངས་ཁྲོད་དྲག་ཆས་པ་དང་ཝུའུ་ཁི་ལན་སྲིད་གཞུང་གིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-03 11:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་སྲིད་གཞུང་དང་རྒྱལ་ཁབ་དེའི་ཤར་ཕྱོགས་ས་ཁུལ་གྱི་དམངས་ཁྲོད་དྲག་ཆས་པས་ཚེས་གཉིས་ཉིན་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་དེ། དམངས་ཁྲོད་དྲག་ཆས་པས་ཚོད་འཛིན་བྱེད་པའི་ཏོན་ནེ་ཚི་ཁིའི་གནམ་གྲུ་ཐང་གི་ཉེ་འདབས་ནས་འཁྲུག་རྩོད་མཚམས་འཇོག་པར་འཐད་པ་བྱུང་།

ཏོན་ནེ་ཚི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཕུའུ་ཨར་ཅིན་གྱིས་བཤད་རྒྱུར། ཏོན་ནེ་ཚི་ཁི་དམངས་ཁྲོད་དྲག་ཆས་པས་ཝུའུ་ཁི་ལན་སྲིད་གཞུང་བར་གྲོས་མཐུན་བཀོད་དེ། ཚེས་གཉིས་ཉིན་གྱི་དགོང་མོའི་དུས་ཚོད་དྲུག་ནས་བཟུང་ཏོན་ནེ་ཚི་ཁིའི་གནམ་གྲུ་ཐང་ཉེ་འདབས་ས་ཁུལ་ནས་འཁྲུག་རྩོད་མཚམས་འཇོག་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག