མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཝུའུ་ཁི་ལན་སྲིད་གཞུང་དང་དམངས་ཁྲོད་དྲག་ཆས་པས་འཁྲུག་རྩོད་མཚམས་བཞག་པའི་གྲོས་མཐུན་བཀོད་པར་དངོས་སུ་ཁས་ལེན་ཐོབ་མེད་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-03 11:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལུའུ་ཁཱ་ཧྲི་ཝེ་ཆི་ཡིས་ཚེས་གཉིས་ཉིན་བསྟན་དོན། ཨུ་རུ་སིའི་ཕྱོགས་ལ་ཝུའུ་ཁི་ལན་སྲིད་གཞུང་དང་རྒྱལ་ཁབ་དེའི་ཤར་ཕྱོགས་ས་ཁུལ་ནས་རང་འདོད་ལྟར་བཙུགས་པའི་ལུའུ་ཀན་སི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པར་དངོས་སུ་ཁས་ལེན་ཐོབ་མེད་ཟེར།

ལུའུ་ཁཱ་ཧྲི་ཝེ་ཆི་ཡིས་ཉིན་དེར་མའོ་སི་ཁི་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། གལ་ཏེ་ཝུའུ་ཁི་ལན་སྲིད་གཞུང་དང་ལུའུ་ཀན་སི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པ་བདེན་ན། དེས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་གནས་བབ་ཞི་འཇགས་སུ་གཏོང་བའི་ཐད་སྤྱད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཞོར་དུ་མེན་སི་ཁིའི་གྲོས་མཐུན་དངོས་འབེབ་བྱེད་སྐབས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ལུའུ་ཀན་སི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ནེ་ཚི་ཅི་ཡིས་ཚེས་གཉིས་ཉིན་བཤད་རྒྱུར། ལུའུ་ཀན་སི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཝུའུ་ཁི་ལན་སྲིད་གཞུང་དམག་དཔུང་གིས་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་ཉིན་ཟླ་འདིའི་ཚེས་ལྔ་ཉིན་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པ་དང་། ཟླ་འདིའི་ཚེས་དྲུག་ཉིན་ནས་བཟུང་ཕྱོགས་གཉིས་ཀྱིས་གཡུལ་ས་ནས་དམག་དོན་སྒྲིག་ཆས་ཕྱིར་འཐེན་བྱེད་མགོ་རྩོམ་རྒྱུ་རེད།

ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་ཉེ་སྔོན་ཁྱབ་སྒྲོག་བྱས་པ་ལྟར་ན། ཝུའུ་ཁི་ལན་སྲིད་གཞུང་དམག་དཔུང་དང་ལུའུ་ཀན་སི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐུས་མིས་འཁྲུག་རྩོད་མཚམས་འཇོག་པ་དང་དམག་ཆས་ཕྱིར་འཐེན་བྱེད་པའི་གྲོས་མཐུན་བཀོད་ཡོད་པ་དང་། གྲོས་མཐུན་དེ་ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན་ནས་ནུས་ལྡན་དུ་འགྱུར་རྒྱུ་ཡིན་ལ། དམག་དོན་སྒྲིག་ཆས་ཕྱིར་འཐེན་བྱེད་པའི་བྱ་བ་དེ་ཚེས་དྲུག་ཉིན་ནས་བཟུང་མགོ་རྩོམ་རྒྱུ་རེད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག