མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐུའུ་སི་ཁི་ཡིས་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-02 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕོ་ལན་གྱི་སྔོན་ཆད་ཀྱི་ཙུང་ལི་ཐུའུ་སི་ཁི་ཡིས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་དངོས་སུ་ཁུར་ཏེ། པུ་ལི་ཧྲིའི་ཧྥན་ལུང་ཕའེ་ཡི་རྗེས་ཀྱི་ལོ་རྒྱུས་སྟེང་གི་ཡོ་རོབ་གླིང་མནའ་འབྲེལ་གྱི་དཔོན་པོ་གཉིས་པར་གྱུར་བ་རེད།

ཐུའུ་སི་ཁི་ཡིས་ཞུ་ཚིག་ཐུང་ངུའི་ནང་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ནང་ཁུལ་དང་ཕྱི་ཕྱོགས་ཀྱི་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་ནས། བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་བཅངས་ནའ་དཔལ་འབྱོར་ཉམས་ཉེན་མཇུག་སྒྲིལ་དུ་འཇུག་དགོས་ཟེར།

ཕྱི་འབྲེལ་གྱིས་ཡོ་རོབ་གླིང་དང་ཨ་མེ་རི་ཁའི་འབྲེལ་བ་རྨང་གཞིར་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱི་མཐའ་མཚམས་ལ་སྲུང་སྐྱོབ་བྱེད་པ་དང་། མཛའ་མཐུན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས། ཡོ་རོབ་གླིང་གི་ཆབ་སྲིད་ལས་རིགས་ཀྱིས་བལྟས་ན་ཐུའུ་སི་ཁི་ནི་དངོས་གཉེར་ཕྱོགས་ཁག་གི་མི་སྣ་ཞིག་ཡིན་ཡང་། ཕྱི་འབྲེལ་ཐད་ནས་ལྟ་ཚུལ་དྲག་པོ་བཟུང་ཡོད་པ་དང་། ཝུའུ་ཁི་ལན་གྱི་ཉམས་ཉེན་བྱུང་བའི་རྗེས་སུ་ཁོས་ཨུ་རུ་སི་ལ་སྐྱོན་བརྗོད་ནན་མོ་བྱས་མྱོང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག