མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་གླིང་སྣེ་བྱང་མའི་འཐབ་ཇུས་དམག་སྤྱི་ཁང་གིས་བྱ་བ་ལག་བསྟར་བྱེད་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-02 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་གི་རྒྱ་མཚོའི་གྲུ་གཟིངས་རུ་ཁག་གི་རྨང་གཞིའི་སྟེང་བཙུགས་པའི་ཨུ་རུ་སིའི་གླིང་སྣེ་བྱང་མའི་འཐབ་ཇུས་དམག་སྤྱི་ཁང་གིས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་དངོས་སུ་བྱ་བ་སྤེལ་མགོ་བརྩམས།

ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། འཐབ་ཇུས་དམག་སྤྱི་ཁང་དེ་ཨུ་རུ་སིའི་ནུབ་ཕྱོགས་དང་དབུས་ཕྱོགས། ཤར་ཕྱོགས། ལྷོ་ཕྱོགས་བཅས་ཀྱི་དམག་ཁུལ་ནས་ཡོང་བའི་དམག་དཔུང་དང་གྲུ་གཟིངས་ཀྱིས་གྲུབ་པ་ཡིན་ཞིང་། འཐབ་ཇུས་དམག་སྤྱི་ཁང་གི་བཀོད་འདོམ་རིམ་པ་རྗེས་ནས་གཏན་འཁེལ་བྱེད་དགོས། ཙུང་ཐུང་ཕུའུ་ཅིན་གྱི་བཀའ་རྒྱ་ལྟར་ན། གླིང་སྣེ་བྱང་མའི་འཐབ་ཇུས་དམག་སྤྱི་ཁང་དེ་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་རྒྱལ་ཁབ་བཀོད་འདོམ་ལྟེ་གནས་ཀྱི་ཁོངས་སུ་གཏོགས་པ་དང་། ཨུ་རུ་སིའི་དམག་ཁུལ་ལྔ་བ་ཡིན།

 བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སི་ཡིས་གླིང་སྣེ་བྱང་མ་ས་ཁུལ་གྱི་གླིང་ཚོམས་སྟེང་དམག་དོན་སྒྲིག་ཆས་དངོས་སུ་འཛུགས་སྐྲུན་བྱས་པ་དང་། འབྲེལ་ཡོད་བཟོ་སྐྲུན་དེ་ཉིས་སྟོང་བཅོ་ལྔ་ལོའི་ལོ་མཇུག་བར་ཡོངས་འགྲུབ་བྱེད་རྒྱུ་རེད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག