མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་དེ་ལེ་མཱ་ནས་ཚོགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-02 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་ཁྱབ་ཁོངས་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ཐེངས་ཉི་ཤུ་བ་དང་ཅིན་ཏུའུ་གྲོས་ཆོད་ཡི་གེ་བཀོད་པའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ཐེངས་བཅུ་བ་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ཕེ་རུའི་རྒྱལ་ས་ལེ་མཱ་ནས་ཚོགས། གྲོས་ཚོགས་ལ་ཞུགས་པའི་འཐུས་མི་ཚོས་ཉིན་བཅུ་གཉིས་ཀྱི་ཉིན་རིམ་ཁྲོད་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད།

ཕྱི་ཕྱོགས་ཀྱིས་ཡོངས་ཁྱབ་ཏུ་བལྟས་ན། ཐེངས་འདིའི་གྲོས་ཚོགས་ནི་ནམ་ཟླའི་འགྱུར་ལྡོག་གི་གྲོས་མོལ་གྱི་ཕྱོགས་མང་གྲོས་མོལ་འཕེལ་རིམ་གྱི་གནད་དོན་གལ་ཆེན་ཞིག་ཡིན་པ་དང་། ཉིས་སྟོང་བཅོ་ལྔ་ལོའི་ཕཱ་རེ་སིའི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་ནས་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་གྲོས་མཐུན་གསར་བ་འགོད་ཐུབ་མིན་ལ་ཤུགས་རྐྱེན་ཆེན་པོ་འབྱུང་སྲིད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག