མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འདེམ་བསྐོའི་བྱ་འགུལ་གྱི་རྩ་འཛུགས་མཁན་ལ་བཀག་སྡོམ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-01 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་ཉིན། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་ཏོན་ནེ་ཚི་ཁི་ཀྲིག་དང་ལུའུ་ཀན་སི་ཁི་ཀྲིག་གི་འདེམ་བསྐོའི་རྩ་འཛུགས་མཁན་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱསཔ་དང་། བྱེད་ཐབས་ལ་རྒྱུ་ནོར་ཉར་འཇོག་བྱེད་པ་དང་གནས་སྐོར་ལ་གཏན་འགོག་བྱེད་པའི་བཀའ་རྒྱ་སོགས་འདུས།

བཀག་སྡོམ་ཐེབས་པའི་མིང་ཐོའི་ནང་ལུའུ་ཀན་སི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁི་ཅི་ཡཱ་ཁི་ཧྥུའུ་དང་འདེམ་བསྐོའི་རྩ་འཛུགས་མཁན་གཞན་པ། དེ་མིན་ལུའུ་ཀན་སི་ཁི་ཀྲིག་དང་ཏོན་ནེ་ཚི་ཁི་ཀྲིག་གིས་བདམས་པའི་དམངས་ཁྲོད་དྲག་ཆས་པའི་པུའུ་ཀྲང་བཅས་འདུས་ཡོད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་བཤད་རྒྱུར། ཁི་ཅི་ཡཱ་ཁི་ཧྥུའུ་ཡིས་འདེམ་བསྐོའི་བྱ་འགུལ་རྩ་འཛུགས་བྱས་པར་འགན་ཁུར་དགོས་པ་དང་། ཁོས་ཝུའུ་ཁི་ལན་གྱི་མངའ་ཁོངས་ཆ་ཚང་བ་དང་། བདག་དབང་དང་རང་བཙན་བཅས་ལ་གཏོར་བརླག་བྱེད་པའི་འགུལ་སྐྱོད་དང་སྲིད་ཇུས་ལ་རྒྱབ་སྐྱོར་བྱས་པ་རེད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱི་ཁོངས་མི་བཅུ་གསུམ་དང་ཁོ་ཚོ་ཡོད་སའི་་ཆབ་སྲིད་ཚོགས་ཁག་ལྔ་བཅས་བཀག་སྡོམ་བྱ་ཡུལ་དུ་གཏན་འཁེལ་བྱེད་རྒྱུ་ཐག་བཅད་ཡོད།

དབྱེ་ཞིབ་མི་སྣས་བལྟས་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འདེམ་བསྐོའི་རྩ་འཛུགས་མི་སྣར་བཀག་སྡོམ་བྱས་ཏེ་ཨུ་རུ་སི་ལ་སྔར་ལས་གནོན་ཤུགས་བྱས་ནས་ཨུ་རུ་སི་ཡིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་དམངས་ཁྲོད་དྲག་ཆས་པར་རྒྱབ་སྐྱོར་བྱེད་མི་རུང་བའི་ཉེན་བརྡ་གཏོང་རྩིས་ཡོད་པར་འདོད།

ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་མེ་ཧྲི་ཁི་ཧྥུའུ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་བཀག་སྡོམ་མེད་པར་གཏོང་དགོས་པའི་སྐུལ་མ་བཏང་བར་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་གྱི་བཀག་སྡོམ་བྱེད་ཐབས་ལ་དམིགས་པའི་བཀག་སྡོམ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་དགོས་ངེས་ཀྱིས་མེད་པར་བཟོ་རྒྱུའི་ཁས་ལེན་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག