མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལི་པུ་ཡཱའི་པན་ཅཱ་ཞི་ནས་མུ་མཐུད་དུ་འཁྲུག་རྩོད་བྱུང་ནས་མི་བཞི་བརྒྱ་དང་ལྔ་བཅུ་རྐྱེན་ལམ་དུ་ཤོར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-01 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱའི་འཕྲོད་བསྟེན་སྡེ་ཁག་གི་མི་སྣས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན་བཤད་རྒྱུར། ཟླ་ངོ་གཅིག་ལྷག་གི་རིང་ལ་ལི་པུ་ཡཱའི་དྲག་ཆས་ཕྱོགས་ཁག་གཉིས་ཀྱིས་ཤར་ཕྱོགས་ཀྱི་གྲོང་ཁྱེར་པན་ཅཱ་ཞི་ནས་བསྟུད་མར་འཁྲུག་རྩོད་བྱས་ཏེ། ད་ལྟའི་བར་བསྡོམས་པས་མི་བཞི་བརྒྱ་དང་ལྔ་བཅུ་རྐྱེན་ལམ་དུ་ཤོར་ཡོད་ཟེར།

ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་གྱི་ཚུན་ལ། ལི་པུ་ཡཱའི་གནས་སྐབས་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པའི་འཇིག་རྟེན་པའི་དྲག་ཆས་ཕྱོགས་ཁག་གིས་གྲོང་ཁྱེར་ཆེན་པོ་གཉིས་པ་པན་ཅཱ་ཞི་ཡི་ཚོད་འཛིན་དབང་ཆ་འཕྲོག་པའི་ཆེད་དུ། ས་དེའི་ཐལ་སྤྱོད་ཆོས་ལུགས་ཀྱི་དམངས་དམག་དྲག་ཆས་པ་དང་འཁྲུག་རྩོད་དྲག་པོ་བྱས། ས་དེའི་སྨན་ཁང་གིས་འབྲེལ་ཡོད་མི་སྣས་བཤད་རྒྱུར། མིག་སྔའི་བར་དུ་འཁྲུག་རྩོད་དེ་ལས་ཉུང་མཐར་ཡང་མི་བཞི་བརྒྱ་དང་ལྔ་བཅུ་རྐྱེན་ལམ་དུ་ཤོར་བ་དང་། ཤི་བའི་ཁྲོད་དྲག་ཆས་མི་སྣ་ཡོད་པར་མ་ཟད། མི་སེར་དཀྱུས་མ་ཡང་མི་ཉུང་བ་ཡོད་ཟེར།

འབྲེལ་ཡོད་མི་སྣས་བཤད་རྒྱུར། ཁ་གྲངས་དེ་ནི་པན་ཅཱ་ཞིའི་སྨན་ཁང་མང་བོའི་བསྡུ་ལེན་བྱས་པའི་ཤི་བོའི་བེམ་པོ་ལྟར་དུ་བསྡོམས་རྩིས་བྱས་པ་རེད། ཐལ་སྤྱོད་ཆོས་ལུགས་དམངས་དམག་གི་དྲག་ཆས་པས་རྨས་མ་དང་ཤི་བོ་སྨན་ཁང་དུ་མི་སྐྱེལ་སྟབས་དོན་དངོས་སུ་ཤི་བོའི་ཁ་གྲངས་དེ་ལས་རིང་དུ་བརྒལ་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག