མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གིས་མའོ་སུའུ་ཨར་ཕྱིར་འཕྲོག་པའི་འཆར་གཞི་ཡོད་པ་དང་ཨ་མེ་རི་ཁའི་དཔོན་རིགས་ཀྱིས་བར་སྣང་གི་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-30 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་དཔོན་རིགས་ཤིག་གིས་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། དབྱི་རག་སྲིད་གཞུང་དམག་དཔུང་གིས་ཆེས་སྔ་ན་སང་ལོའི་ཟླ་དང་པོར་དཔུང་འཇུག་བྱས་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་དྲག་ཆས་རྩ་འཛུགས་ཀྱིས་བཙན་བཟུང་བྱས་པའི་དབྱི་རག་གི་གྲོང་ཁྱེར་ཆེན་མོ་གཉིས་པ་མའོ་སུའུ་ཨར་ཕྱིར་འཕྲོག་རྒྱུ་ཡིན་ཟེར།

དཔོན་པོ་དེས་ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བར་བཤད་རྒྱུར། དབྱི་རག་གི་མིག་སྔའི་དམག་དོན་འཆར་གཞི་ནི་སྲིད་གཞུང་གི་དམག་མི་དང་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་དྲག་ཆས་པ་སྟོང་གཅིག་མཉམ་དུ་བསྡུས་ཤིང་། སོ་སོར་ལྷོ་ཕྱོགས་དང་ནུབ་ཕྱོགས་ས་ཁུལ་ནས་མའོ་སུའུ་ཨར་ལ་དཔུང་འཇུག་བྱས་ནས། རིམ་བཞིན་ཚོད་འཛིན་ས་ཁུལ་རྒྱ་བསྐྱེད་དེ་མཐར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་མཐར་སྐྲོད་གཏོང་རྒྱུ་དེ་ཡིན་ཟེར།

ཨ་མེ་རི་ཁའི་དཔོན་རིགས་ཀྱིས་བཤད་རྒྱུར། འཆར་གཞི་དེ་མཇུག་མཐར་གཏན་འཁེལ་བྱས་མེད་ཀྱང་། འགུལ་སྐྱོད་ཁྲོད་ཨ་མེ་རི་ཁ་དང་དེའི་མནའ་མཐུན་གྲོགས་པོས་བར་སྣང་ནས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། ད་ལོའི་ཟླ་དྲུག་པར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་མའོ་སུའུ་ཨར་བཙན་བཟུང་བྱས་པར་མ་ཟད་ད་ལྟའི་བར་བདག་བཟུང་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག