མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སིའི་སྐད་ཀྱི་རྒྱལ་ཁབ་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་བཅོ་ལྔ་བ་ནས་བུད་མེད་དང་ན་གཞོན་ནུས་པར་མཐོང་ཆེན་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-30 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་སྐད་ཀྱི་རྒྱལ་ཁབ་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་བཅོ་ལྔ་བ་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་ཉིན་སེ་ནེ་ཀལ་གྱི་རྒྱལ་ས་ཏཱ་ཀིར་ནས་ཚོགས་པ་དང་། མཐོ་རིམ་གྲོས་ཚོགས་ནས་གཙོ་བོ་ཧྥ་རན་སིའི་སྐད་ཀྱི་རྒྱལ་ཁབ་དང་ས་ཁུལ་གྱི་བུད་མེད་དང་ན་གཞོན་གྱི་ཞི་བདེ་སྲུང་སྐྱོབ་དང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་ནུས་པར་མཐོང་ཆེན་བྱེད་པ་དེ་རེད།

ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། ཧྥ་རན་སིའི་སྐད་ཀྱི་རྒྱལ་ཁབ་དག་གི་བུད་མེད་དང་ན་གཞོན་སྟེ་ཞི་བདེའི་ཕོ་ཉ་དང་འཕེལ་རྒྱས་ཀྱི་གཙོ་ཤུགས་ཞེས་པ་བརྗོད་སྙིང་དུ་བྱས་ཡོད། གྲོས་ཚོགས་ལ་ཞུགས་པའི་འཐུས་མི་སོ་སོས་ཧྥ་རན་སིའི་སྐད་ཀྱི་རྒྱལ་ཁབ་དང་ས་ཁུལ་གྱི་བུད་མེད་དང་ན་གཞོན་ཚོའི་ཞི་བདེ་སྲུང་སྐྱོབ་དང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་ཁྲོད་ཀྱི་ནུས་པར་གྲོས་བསྡུར་བྱས། རྒྱལ་ཁབ་སུམ་ཅུ་ཙམ་གྱིི་མགོ་གཙོ་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ལ་ཞུགས། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་ས་ཁུལ་དུ་མིག་སྔར་ཨེ་པའོ་ལཱ་རིམས་ནད་དང་པུ་ཁི་ནཱ་ཧྥ་སོའི་ཆབ་སྲིད་ཉམས་ཉེན། འཇིགས་སྐུལ་རིང་ལུགས། སྨན་རྫས་རྫུན་མ་སོགས་ཀྱི་འགྲན་རྩོད་ལ་འཕྲད་ཡོད་པའི་གནས་ཚུལ་ལའང་སྐབས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་གཙོ་གནད་དུ་གྱུར་ཡོད། དེ་ལས་གཞན་མཐོ་རིམ་གྲོས་ཚོགས་ནས་ད་རུང་ཧྥ་རན་སིའི་སྐད་ཀྱི་རྒྱལ་ཁབ་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ག་སར་བ་བདམས་ཏེ་འགན་ཡུན་ལོངས་པའི་ད་ལྟའི་དྲུང་ཡིག་ཆེན་མོ། སེ་ནེ་ཀལ་གྱི་སྔོན་ཆད་ཀྱི་ཙུང་ཐུང་ཏིས་ཝུའུ་ཧྥུའུ་ཡི་ཚབ་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག