མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐུར་ཁེ་དང་ཞི་ལཱ་རྒྱལ་ཁབ་གཉིས་ཀྱིས་གང་མགྱོགས་ཀྱིས་སེ་ཕུའུ་ལུའུ་སིའི་གནད་དོན་གྱི་གྲོས་མོལ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-30 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་དང་འཚམས་འདྲིར་ཡོང་བའི་ཞི་ལཱ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ཝེ་ནེ་ཙེ་ལོ་སི་གཉིས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་ཉིན་རྒྱལ་ས་ཨན་ཁཱ་ལཱ་ནས་གང་མགྱོགས་ཀྱིས་སེ་ཕུའུ་ལུའུ་སིའི་གནད་དོན་གྱི་གྲོས་མོལ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།

 ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཝེ་ནེ་ཙེ་ལོ་སི་དང་གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཐུར་ཁེ་རྒྱལ་ཁབ་ཀྱིས་སེ་ཕུའུ་ལུའུ་སིའི་གནད་དོན་གྱི་གྲོས་མོལ་མྱུར་དུ་སླར་གསོ་བྱས་ཏེ། སེ་ཕུའུ་ལུའུ་སིའི་ཞི་ལཱའི་རིགས་རྒྱུད་དང་ཐུར་ཁེའི་རིགས་རྒྱུད་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ཐག་གཅོད་བྱེད་ཐབས་ཤིག་འཚོལ་ཞིབ་བྱས་ནས། སེ་ཕུའུ་ལུའུ་སིའི་ཁ་བྲལ་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཝེ་ནེ་ཙེ་ལོ་སི་ཡིས་ཀྱང་བསྟན་དོན། ཞི་ལཱ་རྒྱལ་ཁབ་ཀྱིས་སེ་ཕུའུ་ལུའུ་སིའི་གནད་དོན་གྱི་གྲོས་མོལ་མྱུར་དུ་སླར་བྱེད་པར་རེ་བ་བྱས་ཡོད་པ་དང་། རྒྱུ་མཚན་ནི་སེ་ཕུའུ་ལུའུ་སིའི་གནད་དོན་ཐག་གཅོད་བྱས་ན་ཞི་ལཱ་དང་ཐུར་ཁེའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཕན་ཐོགས་ཡོད་ཟེར། རྒྱུས་ལོན་བྱུང་བ་ལྟར་ན། ཐུར་ཁེ་དང་ཞི་ལཱའི་མཐོ་རིམ་དཔོན་པོས་ཟླ་བཅུ་གཉིས་པའི་ཚེས་ལྔ་དང་ཚེས་དྲུག་ཉིན་ཞི་ལཱའི་རྒྱལ་ས་ཡཱ་ཏེན་ནས་མཐོ་རིམ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག